གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་11ཉིན། 10:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་5ཚེས་7ཉིན་གྱི་ཆུ་ཚོད་7དང་སྐར་མ་49ཡི་ཐོག་ལྷ་གྲུ་ཨང་དགུ་པའི་ཟོག་འདྲེན་འཕུར་གྲུ་དེ་ཚོད་འཛིན་བཀོད་འདོམས་འོག་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་བསྐྱོད་པ་དང་། འཕུར་གྲུའི་ཆག་རོ་ཉུང་ཤས་སྔོན་གཏན་འཁེལ་བའི་བདེ་འཇགས་མཚོ་ཁོངས་སུ་ཟགས་ཡོད།
ལྷ་གྲུ་ཨང་དགུ་པའི་ཟོག་འདྲེན་འཕུར་གྲུ་དེ་2025ལོའི་ཟླ་7ཚེས་15ཉིན་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ནས་འཁོར་ལམ་ཐོག་བཏང་ཞིང་། བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པར་འཁོར་ལམ་དུ་སྡོད་རིང་གི་ཟད་གྲོན་དངོས་རྫས་དང་། འདེད་རྫས། གོ་ཆོད(ཚོད་ལྟ)ཀྱི་སྒྲིག་ཆས་སོགས་ཀྱི་དངོས་ཟོག་བསྐྱལ་བ་རེད།