འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་9ཉིན།

༄༅།།ཨ་རི་དང་དབྱི་སི་རལ་དབྱི་རན་གྱི་དམག་འཁྲུག་སྐོར་བཤད་དོན། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་09ཉིན། 14:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་5ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཨ་རི་དང་དབྱི་སི་རལ་དང་དབྱི་རན་གྱི་དམག་འཁྲུག་གནས་ཚུལ་སྐོར་དྲི་བ་དྲིས།

    ལིན་ཅན་གྱིས་བསྟན་དོན། མིག་སྔར་དབུས་ཤར་ས་ཁུལ་གྱི་དུས་བབ་དེ་དམག་འཁྲུག་དང་འཕོ་འགྱུར་གྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་སི་རལ་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་རིམ་པ་མི་འདྲ་བའི་འབྲེལ་གཏུག་དང་འགྲོ་འོང་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་ཁག་གིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་འགལ་བ་དང་རྩོད་གཞི་སེལ་བ་དང་། ཁྱོན་ཡོངས་ནས་ཡུན་རིང་དམག་མཚམས་འཇོག་པ། དབུས་ཤར་ས་ཁུལ་དང་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།