འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་9ཉིན།

༄༅།།འཇབ་རྒོལ་ཕོག་པའི་གྲུ་གཟིངས་ཐོག་རྒྱལ་ཁོངས་ཀྲུང་གོ་ཡིན་མཁན་ཡོད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་09ཉིན། 14:04】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཕྱི་འབྲེལ་པུས་ར་སྤྲོད་བྱས་དོན། ཧོར་མུའུ་ཙི་མཚོ་འགག་ཏུ་འཇབ་རྒོལ་ཕོག་པའི་གྲུ་གཟིངས་ཐོག་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་མཁན་ཡོད།

    ཕྱི་འབྲེལ་པུས་བསྟན་དོན། དམག་འཁྲུག་གི་ཤུགས་རྐྱེན་ཕོག་ནས་གྲུ་གཟིངས་དང་གྲུ་པ་འབོར་ཆེན་ཞིག་ཧོར་མུའུ་ཙི་མཚོ་འགག་ཏུ་ལུས་པར་ཀྲུང་གོའི་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    འབྲེལ་ཡོད་གྲུ་གཟིངས་ཧོར་མུའུ་ཙི་མཚོ་འགག་ཏུ་འཇབ་རྒོལ་ཕོག་པའི་གནས་འཕྲིན་སྤེལ་བར་དམིགས་ཏེ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས་བསྟན་དོན། མིག་སྔར་ཤེས་རྟོགས་བྱུང་བའི་གནས་འཕྲིན་ལ་གཞིགས་ན། འཇབ་རྒོལ་ཕོག་པའི་འབྲེལ་ཡོད་གྲུ་གཟིངས་ནི་མ་ཧྲོའར་གླིང་ཚོམ་ནས་ཡིན་པ་དང་། གྲུ་གཟིངས་ཐོག་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་གྲུ་པ་ཡོད། མིག་སྔའི་བར་གྲུ་གཟིངས་དེས་གྲུ་པ་ཤི་རྨས་བྱུང་བའི་གནས་ཚུལ་སྙན་སེང་ཞུས་མེད།

    ལིན་ཅན་གྱིས་བསྟན་དོན། ཧོར་མུའུ་ཙི་མཚོ་འགག་ནི་རྒྱལ་སྤྱིའི་མཚོ་འགྲུལ་ལ་སྤྱོད་པའི་མཚོ་འགག་ཅིག་ཡིན་པས། དམག་འཁྲུག་གི་ཤུགས་རྐྱེན་ཐེབས་ནས་གྲུ་གཟིངས་དང་གྲུ་པ་འབོར་ཆེན་ཞིག་མཚོ་འགག་ཏུ་ལུས་པར་ཀྲུང་གོའི་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མཚོ་འགག་ཤར་གཏོང་གང་མགྱོགས་སླར་གསོ་དང་དམངས་སྤྱོད་གྲུ་གཟིངས་དང་གྲུ་པའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པར་སྲུང་སྐྱོང་བྱེད་དགོས།