ན་ནིང་དང་བསྡུར་ན་ཉིན་14སྔ་སྣུར་བྱུང་བ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་08ཉིན། 15:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་25ཉིན་འབྲི་ཆུའི་ཟུར་གསུམ་གླིང་ལྕགས་ལམ་གྱིས་2026ལོར་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱིས་ཚད་ལྡན་དོས་སྒམ་ཁྲི་100དབོར་ནས་དོས་སྒམ་ཁྲི་100.6ཟིན་པ་དང་། གྲངས་གཞི་དེ་ན་ནིང་ལས་ཉིན་14སྔ་སྣུར་བྱུང་བ་རེད།
འབྲི་ཆུའི་ཟུར་གསུམ་གླིང་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་གཏན་འཇགས་ཀྱི་དུས་གཏན་མེ་འཁོར་གཏོང་ཐེངས་119ཟིན་པ་དང་། དེས་འོད་ཤུགས་ལྷུ་ལག་དང་། ཁྱིམ་སྤྱོད་གློག་ཆས། ལྕགས་རིགས་སོགས་ཀྱི་ཚོང་ཟོག་ཕྱིར་གཏོང་བྱས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་གཉིས་པ་ནས་བཟུང་ཧྲང་ཧའེ་གྲུ་ཁ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་སོགས་གྲུ་ཁ་གཙོ་བོའི་ལྕགས་ལམ་དང་མཚོ་ཐོག་ནས་ཉིན་རེར་ཆ་སྙོམས་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་དོས་སྒམ་8800ཙམ་ཟིན་ཡོད།