འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་8ཉིན།

༄༅།།ཀྲུང་གོས་ལེ་པ་ནོན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་སྤྲད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་08ཉིན། 09:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་4ཉིན། ཀྲུང་གོ་སྲིད་གཞུང་གིས་ལེ་པ་ནོན་སྲིད་གཞུང་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཁག་གཉིས་སྤྲད་པ་དེ་གདོང་ཐུག་གི་ཤུགས་རྐྱེན་ཐེབས་པའི་ལེ་པ་ནོན་གྱི་དམངས་ཚོགས་ལ་རོགས་རམ་བྱ་རྒྱུ་དང་དེ་བཞིན་ས་གནས་དེ་གའི་མི་ཆོས་རིང་ལུགས་ཀྱི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རོགས་སྐྱོར་དངོས་ཟོག་ནང་འབྲུ་རིགས་དང་། གུར། ཀམ་པ་ལི། འཕྲོད་བསྟེན་མཁོ་ཆས་སོགས་འཚོ་བའི་མཁོ་ཆས་ཡོད་པ་རེད།