འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་7ཉིན།

༄༅།།ཕོང་དབྱང་གི་དཔྱིད་དུས་རྒྱལ་སྤྱིའི་ཚོང་ཟོག་འགྲེམས་ཚོགས་སྐབས་ཉེར་བཞི་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་07ཉིན། 09:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕོང་དབྱང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕོང་དབྱང་གི་དཔྱིད་དུས་རྒྱལ་སྤྱིའི་ཚོང་ཟོག་འགྲེམས་ཚོགས་སྐབས་ཉེར་བཞི་པ་ཁྲའོ་ཞན་ཕོང་དབྱང་གི་གཞོན་ནུའི་ཀྲུང་དབྱང་ཚོགས་ཁང་དུ་འགོ་ཚུགས་ཤིང་། ཁྲའོ་ཞན་ཕྱོགས་ཀྱི་གདན་ཞུས་ལྟར་ཁྲའོ་ཞན་དུ་བཅའ་སྡོད་ཕྱི་འབྲེལ་གཞུང་ཚབ་ཚོགས་པ་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཁྲའོ་ཞན་གྱི་ཕྱི་ཕྱོགས་དཔལ་འབྱོར་བློན་ཆེན་དབྱིན་ཀྲེང་ཧའོ་དང་ཁྲའོ་ཞན་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ཧྲེ་ཀྲང་ཞན་ཀྲུའུ་ཞེ་སོགས་ཚོགས་འདུར་ཞུགས་པ་རེད།

     འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཡ་ཅུན་གྱི་ཕེབས་རོགས་འོག་དབྱིན་ཀྲེང་ཧའོ་ཡིས་གཞོན་ནུའི་ཀྲུང་དབྱང་ཚོགས་ཁང་གི་འགྲེམས་སྟེགས་ལ་ལྟ་སྐོར་བྱས་པ་དང་། ཡུས་ལིའུ་འགྲེམས་ཁང་དུ་ཀྲུང་གོའི་ཁེ་ལས་ཁག་གཅིག་གི་འགྲེམས་སྟེགས་ལ་ལྟ་སྐོར་ཡང་བྱས་པ་རེད།

     ཕོང་དབྱང་རྒྱལ་སྤྱིའི་ཚོང་ཟོག་འགྲེམས་ཚོགས་ནི་ཁྲའོ་ཞན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་ཚོང་དོན་འགྲེམས་ཚོགས་ཤིག་ཡིན་པ་དང་། ལོ་རེའི་སྟོན་དཔྱིད་གཉིས་སུ་ཐེངས་རེ་གཉེར་གྱི་ཡོད་པ་དང་། ཁྲའོ་ཞན་ཕྱི་ཕྱོགས་དཔལ་འབྱོར་ཞིང་ཆེན་གྱིས་གཙོ་གཉེར་དང་ཁྲའོ་ཞན་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གིས་གཉེར་འགན་འཁུར་གྱི་ཡོད། སྐབས་འདིའི་འགྲེམས་ཚོགས་ནི་ཟླ་5ཚེས་4ནས་ཚེས་8ཉིན་བར་འཚོག་རྒྱུ་ཡིན་པ་དང་ཁྲའོ་ཞན་དང་། ཀྲུང་གོ ཨུ་རུ་སུ། མོང་གོལ། ཐེ་ལན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ལས་འགྲེམས་ཚོགས་ལ་ཞུགས་རྒྱུ་རེད།