གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་07ཉིན། 09:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི“ཆེ་གསུམ་ལེགས་གཉིས”ཀྱི་བཞོན་མ་རྒྱུད་གསར་གསོ་ཚགས་རྣམ་གྲངས་ཀྱི་འགོ་ཚུགས་ཚོགས་འདུ་དང་མཉམ་འགུལ་མཐུན་སྦྱོར་ཚོགས་འདུ་ཐེངས་དང་པོ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་ཤིང་། རྣམ་གྲངས་དེས་ལེགས་ཆ་ལྡན་པའི་ཚན་ཞིབ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རང་རྟེན་ཤེས་བྱའི་ཐོན་དབང་ལྡན་པའི་ས་མཐོའི་བཞོན་མ་རྒྱུད་གསར་གསོ་ཚགས་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
རྣམ་གྲངས་དོན་འཁྱོལ་བྱ་ཡུལ་ལྷོ་ཁ་གྲོང་ཁྱེར་གྱིས་ལྷུན་རྩེ་རྫོང་གི་བ་གླང་རྒྱུད་པ་ལེགས་བཅོས་ལས་དོན་གྱི་རྨང་གཞི་དང་སྲིན་བུ་རིའི་དེང་རབས་འབྲོག་རར་བརྟེན་ནས“འོ་ཐོན་ནུས་པ་ཆེ་བ་དང་། སྐྱེ་འཕེལ་ནུས་པ་ཆེ་བ། གཟན་ཆག་སྒྱུར་ཚད་ཆེ་བ། འཚམ་འཕྲོད་རང་བཞིན་ལེགས་པ། མར་གྱི་སྤུས་ཚད་ལེགས་པ”བཅས་ཀྱི“ཆེ་གསུམ་ལེགས་གཉིས”ཀྱི་བཞོན་མ་རྒྱུད་གསར་གསོ་ཚགས་བྱ་རྒྱུ་རེད།