གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་29ཉིན། 15:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉིང་ཁྲིར་ཁམ་བུའི་མེ་ཏོག་བཞད་པ་དང་གངས་ལྗོངས་སུ་དཔྱིད་ཀ་ཤར་བ།
དཔྱིད་རླུང་གངས་ལྗོངས་སུ་ལྡང་ནས་རི་ཀླུང་ཀུན་ཏུ་བཞད་པའི་ཁམ་བུའི་མེ་ཏོག་བཞད།
མེ་ཏོག་གི་འདབ་མ་རྒྱས་ཤིང་། མིག་ལམ་དུ་དྭངས་ཤིང་གཙང་བའི་ནམ་མཁའ་ཡིན་ལ། མགོ་བོ་སྒུར་ན་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་ཡིན་ལ། རྒྱང་རིང་ནི་གངས་རི་དཀར་པོ་ཡིན། གངས་རི་དང་གྲོག་རོང་བར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དེ་ནི་ས་མཐོའི་ཐུན་མོང་མ་ཡིན་པའི་དཔྱིད་ཀ་ཞིག་རེད།
མི་དམངས་དྲ་བས་ཁྱེད་གདན་དྲངས་ཏེ་པར་ཆས་བརྒྱུད་གངས་ལྗོངས་ཀྱི་ཁམ་བུའི་སྐྱེ་ཁམས་ཀྱི་དཔྱིད་ཀྱི་མཛེས་ལྗོངས་ལ་མཉམ་དུ་གཟིགས།