འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་23ཉིན།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་23ཉིན། 13:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་གཤམ་གསལ་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ་སྟེ།

    གཅིག ཀྲང་དབྱི་མིང་གི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།

    ཙེང་ཅི་ཤིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།

     གཉིས། ཐུང་ཏེ་ཧྥ་ཡི་ཀག་ན་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

     ཚུང་སུང་ཀག་ན་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།

     གསུམ། ཚུའེ་ཨེ་མིན་གྱི་སུའེ་ཏེན་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

     ཀྲོའུ་ལི་མིན་སུའེ་ཏེན་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ་བཅས་རེད།