འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་8ཉིན།

༄༅།།སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲན་བརྡ་གལ་ཆེན་བཏང་།  

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་07ཉིན། 15:49】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་4ཚེས་5ཉིན། སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲན་སྐུལ་གལ་ཆེན་བཏང་དོན་དུ།

     ད་ལམ་དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་པ་དང་དམག་འཁྲུག་རྒྱ་ཆེ་རུ་འགྲོ་བའི་ཉེན་ཁ་སྔར་བས་ཆེ་རུ་ཕྱིན་ནས་འབྲེལ་ཡོད་ཕྱོགས་ཀྱིས་ས་ཁུལ་དེ་གའི་རྡོ་སྣུམ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་རྡུང་རྡེག་གཏོང་བའི་དམིགས་ཚད་གལ་ཆེན་ཞིག་ཏུ་འགྱུར་སྲིད་ཟེར།

     སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སོ་ཏི་ཨ་རབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་གནས་བབ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་སྤྱི་བསྒྲགས་དང་ཉེན་བརྡར་དོ་ཁུར་ཆེན་པོ་བྱེད་པ་དང་། ས་གནས་དེ་གའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུ་བ། བདེ་འཇགས་ལ་འཛེམས་ཟོན་གྱི་ལྟ་བ་ཟབ་ཏུ་ཏན་ཏིག་བཏང་ནས་ཕྱི་ལ་འགྲོ་རྒྱུ་ཉུང་དུ་གཏོང་བ། ཚོར་སྣང་སྐྱེན་པའི་ས་ཁོངས་དང་རྒྱང་ཐག་རིང་དུ་གྱེར་བ། གང་བྱུང་དུ་པར་མི་ལེན་པ་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འབྲེལ་ཡོད་ཆ་འཕྲིན་བརྒྱུད་བསྒྲགས་མི་བྱེད་པ། ཛ་དྲག་གི་གནས་ཚུལ་འཕྲད་ཚེ་སེམས་རྣལ་དུ་ཕབ་ནས་དུས་ཐོག་ཏུ་ས་གནས་དེ་གར་ཉེན་གཡོལ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཉེན་བརྡ་གཏོང་བ་དང་འབྲེལ་སོ་ཏི་ཨ་རབ་སུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཅི་ཏར་བཅའ་སྡོད་སྤྱི་ཁྱབ་ལས་ཤག་ལ་ཉེན་བརྡ་བཏང་ཆོག

     སོ་ཏི་ཨ་རབ་ཀྱི་ས་གནས་དེ་གའི་འཕྲལ་སྡོམ་ཁ་པར། 911འམ་ཡང་ན་999ལ་ཉེན་བརྡ་གཏོང་རྒྱུ། འགྲིམ་འགྲུལ་གྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་993དང་། མྱུར་སྐྱོབ་རླངས་འཁོར་997དང་། མེ་སྐྱོན་ཉེན་བརྡ་998

    ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་ཁེ་སྐྱོང་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར། (ཆུ་ཚོད་24)+86-10-12308དང་། +86-10-65612308བཅས་ཡིན།

    སོ་ཏི་ཨ་རབ་སུ་བཅའ་སྡོད་གཞུང་ཚབ་ཁང་གི་ཁེ་སྐྱོང་སྲུང་སྐྱོང་གཞོགས་འདེགས་ཁ་པར། +966-11-4831590

    ཅི་ཏར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཁེ་སྐྱོང་སྲུང་སྐྱོང་གཞོགས་འདེགས་ཁ་པར། +966-508399809