གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་03ཉིན། 13:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་2ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དབྱི་རན་གྱིས་ཀྲུང་གོའི་ཕྱོགས་ལ་བདེ་འཇགས་འགན་ལེན་རེ་ཞུ་བྱས་ཚུལ་གྱི་གནས་འཕྲིན་སྤེལ་བར་གཞིགས་ནས་དྲི་བ་བཏོན་ཡོད།
མའོ་ཉིང་གིས་བསྟན་དོན། དབྱི་རན་གྱི་དམག་འཁྲུག་བྱུང་ཚུན་ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེར་སྐུལ་འདེད་དང་དམག་མཚམས་འཇོག་པར་གཞོལ་བཞིན་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའུ་ཀྲང་མཇལ་འཛོམས་བྱུང་ཚུལ་ཐད་ང་ཚོས་གནས་འཕྲིན་སྤེལ་ཟིན་པས། ཁྱེད་ཀྱི་ལྟ་ཀློག་བྱས་ཆོག ངས་ཁྱེད་ལ་གསལ་བཤད་བྱེད་རྒྱུ་ཞིག་ནི། ཀྲུང་གོའི་ཕྱོགས་ཀྱིས་ཞི་བདེར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་ཀྱང་ཕྱོགས་ཁག་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱ་ཆེད་མུ་མཐུད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།