འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་3ཉིན།

༄༅།།ཨུ་རུ་སུས་ལྗར་པན་ལ་མཇུག་འབྲས་ཚབས་ཆེན་ཡོང་ལུགས་ཀྱི་ཐ་ཚིག་བསྒྲགས། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་03ཉིན། 13:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་4ཚེས་1ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག ལྗར་པན་གྱིས་རྒྱང་འཕེན་འཕུར་མདེལ་བཀོད་སྒྲིག་བྱས་པ་འདིའི་ཐོག་ནས་ལྗར་པན་གྱིས་རང་ངོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་ཞི་བདེའི་དོན་ཚན་དང་རྒྱབ་འགལ་བྱས་པའི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་ར་སྤྲོད་བྱས།

     ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲ་ཧ་ལུའོ་ཝ་ཡིས། ལྗར་པན་གྱིས་ལྗར་པན་གྱི་མངའ་ཁོངས་སུ་རྒྱང་འཕེན་འཕུར་མདེལ་མ་ལག་བཀོད་སྒྲིག་བྱས་པ་དང་འབྲེལ་རྡུང་རྡེག་གཏོང་བའི་མཚོན་ཆ་མང་དུ་བཏང་བ་དེ་ནི་“སླར་ཡང་དམག་དོན་ཅན་དུ་འགྱུར་བའི”ཉེན་ཁའི་ལམ་ཕྱོགས་མཚོན་ཡོད། ལྗར་པན་ཕྱོགས་ཀྱི་བྱེད་སྟངས་དེ་དང་དེའི་ཁར་ལོ་རྒྱུས་ལ་བཟོ་བཅོས་རྒྱག་པའི་བྱ་སྤྱོད་བསྣན་ཚེ། མཇུག་འབྲས་བསམ་ཡུལ་ལས་འདས་པ་ཞིག་ཐོན་རྒྱུ་རེད་ཅེས་བཤད་པ་རེད།

     ཀྲ་ཧ་ལུའོ་ཝ་ཡིས། ཨུ་རུ་སུ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ཀྱི་བྱ་སྤྱོད་ལ་ཞིབ་འཇུག་ནན་ཏན་བྱས་ནས་ཁ་གཏད་གཅོག་ཐབས་དགོས་ངེས་བཟོས་ཏེ་ཨུ་རུ་སུ་ཕྱོགས་ལ་འགོག་སྲུང་གི་ནུས་པ་འདང་ངེས་ལྡན་པའི་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།