འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་2ཉིན།

༄༅།།འཛམ་གླིང་གྲངས་གཞིའི་རྩ་འཛུགས་པེ་ཅིང་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་02ཉིན། 14:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཛམ་གླིང་གྲངས་གཞིའི་རྩ་འཛུགས་གྲབས་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཚེས་30ཉིན། འཛམ་གླིང་གྲངས་གཞིའི་རྩ་འཛུགས་པེ་ཅིང་དུ་བཙུགས་ཤིང་། རྩ་འཛུགས་བཙུགས་པའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་གྲངས་གཞི་འཕེལ་རྒྱས་དང་བཅོས་སྐྱོང་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། གྲངས་གཞི་ལུགས་མཐུན་དང་། བདེ་འཇགས། ཡིད་རྟོན་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་རེས་དང་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་རེད།

འཛམ་གླིང་གྲངས་གཞིའི་རྩ་འཛུཌ་ཀྱི་དྲུང་ཆེ་དབྱང་ཅེ་ཡིས། འཛམ་གླིང་གྲངས་གཞིའི་རྩ་འཛུཌ་ཀྱི་དམིགས་ཡུལ་ནི“གྲངས་གཞིའི་ཧེ་བག་སེལ་བ་དང་། གྲངས་གཞིའི་རིན་ཐང་མངོན་པ། གྲངས་འཛིན་དཔལ་འབྱོར་དར་རྒྱས་གཏོང་བ”བཅས་བྱ་རྒྱུ་དེ་ཡིན་ཞིང་། ནུས་པ་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་སྤེལ་རེས། ལག་རྩལ་མཐུན་སྦྱོར། ཐོན་ལས་མཉམ་ལས་བཅས་ལ་བརྟེན་ནས། རྒྱལ་ཁབ་དང་ཚོགས་སྤྱི་དེ་བས་མང་བར་གྲངས་གཞིའི་ཐོན་ཁུངས་རག་ཐབས་དང་། བེད་སྤྱོད། སྲུང་སྐྱོང་བཅས་གང་ལེགས་ཐུབ་པར་རོགས་རམ་བྱེད་པ་དང་། གྲངས་གཞི་འཁོར་རྒྱུག་དང་གསར་སྤེལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་བརྟེན་ནས། གྲངས་གཞི་དེ“ཐོན་ཁུངས”ནས“རིན་ཐང”དུ་འགྱུར་བར་སྐུལ་འདེད་གཏོང་བ། གྲངས་གཞིའི་ལག་རྩལ་དང་། སྒྲིག་སྲོལ། ཐོན་ལས་སྐྱེ་ཁམས་མཐུན་སྦྱོར་བཅས་ལ་སྐུལ་འདེད་གཏོང་བར་བརྟེན་ནས། གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་བ་དེ་རེད་ཅེས་ངོ་སྤྲོད་བྱས།

འཛམ་གླིང་གྲངས་གཞིའི་རྩ་འཛུགས་འཛུགས་པའི་བསྒྲགས་གཏམ་ཡང་དེ་ཉིན་ཁྱབ་བསྒྲགས་བྱས་པ་རེད།