འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་26ཉིན།

༄༅།།ཞིང་ལས་གྲོང་གསེབ་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཞིང་ནང་གི་ཞོད་སྐྱོན་གནོད་འཚེའི་སྔོན་ཚུད་ཉེན་བརྡ་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་26ཉིན། 13:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར། ཟླ་གསུམ་པའི་ཟླ་མཇུག་ཏུ་ལྷོ་ཕྱོགས་ས་ཁུལ་དུ་བསྟུད་མར་གནམ་འཐིབ་ནས་ཆར་པ་མང་པོ་འབབ་པའི་གནམ་གཤིས་བསྟན་རྒྱུ་རེད། ཟླ་3ཚེས་21ཉིན་ཞིང་ལས་གྲོང་གསེབ་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ཞིང་ནང་གི་ཞོད་སྐྱོན་གནོད་འཚེའི་སྔོན་ཚུད་ཉེན་བརྡ་བཏང་བ་རེད།

སྔོན་དཔག་བྱས་ན། ཟླ་3ཚེས་22ནས་26ཉིན་བར་ཅང་ཧན་གྱི་ཤར་རྒྱུད་དང་། འབྲི་ཆུ་དང་ཧོའེ་ཆུའི་ལྷོ་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད་དང་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་དེ་བཞིན་ཀོང་ཤིས་བྱང་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཤར་རྒྱུད་དང་། ཧུའུ་ནན་དབུས་རྒྱུད། ཅང་ཤིས་དབུས་རྒྱུད་དང་བྱང་ཤར་རྒྱུད་སོགས་ཀྱི་ཞིང་ཁར་ཞོད་སྐྱོན་གནོད་འཚེའི་ཉེན་ཁ་ཅུང་ཆེན་པོ་ཡོད། ཀུའེ་ཀྲོའུ་ལྷོ་རྒྱུད་དང་དབུས་རྒྱུད་དང་ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་དང་ནུབ་ལྷོའི་རྒྱུད་དང་། ཧུའུ་ནན་ཧོའེ་ཧྭ་ནུབ་རྒྱུད་དང་ཤང་ཤིས་ཤར་ལྷོའི་རྒྱུད། ཅང་ཤིས་དབྱི་ཁྲུན་ཤར་རྒྱུད་དང་དབྱིང་ཐན་ཤར་རྒྱུད་དང་དེ་བཞིན་ཧྲང་རའོ་ལྷོ་རྒྱུད་སོགས་ས་ཆར་ཞོད་སྐྱོན་གྱི་གནོད་འཚེའི་ཉེན་ཁ་ཆེ་ཙམ་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས། ཆར་པ་བབས་མང་བའི་ས་ཁུལ་དུ་ཆུ་གསོག་རྫིང་བུའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆུ་ཡུར་བཤང་རྒྱུ་དང་ཆུ་འབུད་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་པ་རེད།