གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་24ཉིན། 10:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་16ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར་གཞིགས་ན། དྲ་ཚོང་ལས་སྟེགས་དང་། ཁྱད་ལྡན་འགྲེམས་ཁང་། ལུས་རྩལ་འགྲན་བསྡུར་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་པས། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས“ཕྱིར་སྐྱོད་པའི”གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀར་རྒྱ་སྐྱེད་ཐུབ་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
རྒྱལ་སྤྱིའི་ཁྲོམ་རའི་ཐད། མཚོ་སྔོན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་པའི“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་ལོ་གོང་མར་ཕྱིར་གཏོང་ཁྲོམ་ར་རྒྱལ་ཁབ་དང་ས་ཁུལ་54བར་མང་དུ་ཕྱིན་པ་དང་ཐོན་རྫས་སྣ་ཁ་59ལ་ཤང་ཀང་གི་ཐོན་རྫས་སྤུས་ལེགས་ཀྱི་ངོས་འཛིན་ཁས་ལེན་ཐོབ་ཡོད། ལོ་ཧྲིལ་པོར་གྲང་བསིལ་སྔོ་ཚལ་ཏུན་ཁྲི་1.1ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་ལྡབ་3.6འཕར་བ་དང་ཕྱིར་གཏོང་སྣ་ཁ་36ཟིན་ཡོད། གཏེར་ལེན་ཁའི་སུར་པན་ཨུ་རུ་སུར་ཕྱིར་གཏོང་ཐེངས་དང་པོ་བྱས་པ་དང་། མཚོ་སྔོན་གྱི་ཞོག་ཁོག་ཨེ་ཤེ་ཡ་དབུས་མའི་ཁྲོམ་རར་ཐེངས་དང་པོ་བཏོན་པ། མཚོ་སྔོན་གྱི་ལི་གྲོའི་ས་བོན་ཡང“ཕྱིར་གཏོང་མི་ཐུབ་པ”ལས་ཚད་བརྒལ་བྱུང་བ། འཁྱགས་ཉ་ཕྱིར་གཏོང་ཁེ་ལས་ཀྱིས་ཕྱིར་གཏོང་ཁྲལ་སློག་ཚད་2024ལོ་ལས་ལྡབ་1.9འཕར་བ་བཅས་བྱུང་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ལེགས་སྐྱེ་ཁམས་མཚོན་རྟགས་ལ་གོ་ལ་ཧྲིལ་པོའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།