འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་22ཉིན།

༄༅།།ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་22ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་ཤུཌ་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་བཀོད་སྒྲིག་བྱས་པ་རེད།

      《བསམ་འཆར》ནང་བཏོན་དོན། ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གིས་གུང་གཞོན་སྡེ་ཚོགས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། ཏང་གིས་གཞོན་ནུའི་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་དང་། སྡེ་ཚོགས། རུ་ཁག་བཅས་གཞི་གཅིག་ཅན་གྱི་མི་སྣ་གསོ་སྐྱོང་གི་འཁོར་འབྲེལ་སྦྲེལ་མཐུད་བྱེད་པ། གུང་གཞོན་སྡེ་ཚོགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱེད་པ། ཁྲིད་སྟོན་ནུས་པ་དང་། སྒྲིག་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་སྡེ་ཚོགས་ལ་དོ་དམ་ནན་པོ་དང་སྡེ་ཚོགས་སྐྱོང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གིས་དཀྲིས་པའི་ལས་འགན་ཕྲག་ཏུ་ཏན་ཏིག་འཁུར་བ། རྒྱ་ཆེའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སྐུལ་སློང་དང་ཁྲིད་སྟོན་བྱེད་དགོས་པ་བཅས་རེད།

      《བསམ་འཆར》ནང་བླང་བྱ་བཏོན་དོན། ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གུང་གཞོན་སྡེ་ཚོགས་ལ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་དང་གོང་རིམ་སྡེ་ཚོགས་རྩ་འཛུགས་ཕྱོགས་གཉིས་ཀྱི་འགོ་ཁྲིད་བྱེད་པ་དང་། རིམ་པ་གཅིག་མཚུངས་ཏང་ཨུད་ཀྱིས་འགོ་ཁྲིད་གཙོ་བོར་བྱེད་པའི་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་མཐའ་འཁྱོངས་བྱེད་དགོས། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་ནང་འཇུག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྡེ་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པར་མཛུབ་ཁྲིད་བྱེད་དགོས་པ་དང་། གུང་གཞོན་སྡེ་ཚོགས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་དང་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བརྟན་པོ་འཛུགས་པར་མཛུབ་ཁྲིད་བྱེད་དགོས་པ། སྡེ་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་ཀྱིས་དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པར་ལྕག་སྐུལ་གཏོང་དགོས་པ། སྡེ་ཚོགས་ལས་བྱེད་པའི་ཆབ་སྲིད་ཀྱི་འཇོན་ཐང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།

     《བསམ་འཆར》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་གུང་གཞོན་སྡེ་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཕུཌ་ཕན་ལམ་སྲོལ་འཛུགས་པ་དང་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས་པ་དང་། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོཌ་མི་དང་གཞོན་ནུ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། སྡེ་ཚོགས་ཀྱི་ལས་བྱེད་པ་དང་སྡེ་ཚོགས་ཀྱི་ཚོགས་མིའི་སློབ་གསོ་གསོ་སྦྱོང་གི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གུང་གཞོན་སྡེ་ཚོགས་ཀྱིས་སྡེ་ཚོགས་ཀྱི་ལས་བྱེད་པར་རྒྱུན་རྣམ་ཅན་གྱི་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས་སྡེ་ཚོགས་ཀྱི་ཚོགས་མིར་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

     《བསམ་འཆར》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྡེ་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གུང་གཞོན་སྡེ་ཚོགས་ཀྱིས་ཏང་གི་རྩ་འཛུགས་འཛུགས་སྐྱོང་གི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་པར་རྒྱབ་སྐྱོར་བྱས་ཏེ། སྡེ་ཚོགས་རྩ་འཛུགས་ནུས་ལྡན་གྱིས་ཁྱབ་རྒྱ་ཆེ་རུ་དང་སྲ་བརྟན་དུ་ཟམ་མི་ཆད་པར་གཏོང་དགོས། བྱང་ཚད་མཐོ་བའི་སྡེ་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཁྱད་ཆོས་དང་མཐུན་པའི་ལས་བྱེད་པའི་དོ་དམ་བྱེད་སྟངས་དང་། ཆེད་བསྐོས་དང་། གནས་སྦྱར། གཅིག་ལྕོགས་བཅས་ཟུང་དུ་འབྲེལ་བའི་སྡེ་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཚོགས་ཀྱི་ལས་ཀ་དང་འཛུགས་སྐྱོང་ཁྲོད་ཀྱི་གཞོན་ནུ་ཏང་ཡོན་གྱི་རྐང་འཛིན་ནུས་པ་གང་ལེགས་འདོན་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕུལ་བྱུང་སྡེ་ཚོགས་ཀྱི་ཚོགས་མིའི་ཁྲོད་ནས་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་དགོས་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གུང་གཞོན་སྡེ་ཚོགས་ཀྱིས་སྡེ་ཚོགས་ཡོངས་ལ་སྣེ་ཁྲིད་ཀྱི་འགན་འཁྲི་ལེགས་པར་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གསོན་ཤུགས་དམག་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་པར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་དགོས། གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་དཔྱད་འདེམས་སོགས་ཀྱི་ལས་དོན་ཚད་ལྡན་ངང་སྤེལ་དགོས།

      《བསམ་འཆར》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྡེ་ཚོགས་ཀྱི་ལས་བྱེད་པའི་ཡང་དག་པའི་བྱ་གཞག་ལྟ་བ་དང་འཚར་ལོངས་ལྟ་བའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྡེ་ཚོགས་རྩ་འཛུགས་ལ་སྡེ་ཚོགས་ཀྱི་ལས་བྱེད་པས་གཞོན་ནུ་ཚོར་དོན་དངོས་སྒྲུབ་པའི་ལས་ཀའི་ལམ་སྲོལ་འཛུགས་པར་མཛུབ་ཁྲིད་བྱེད་དགོས་པ་དང་། རྒྱ་ཆེའི་སྡེ་ཚོགས་ཀྱི་ལས་བྱེད་པས་སྟོང་གཏམ་མི་ཤོད་པར་དོན་དངོས་མང་ཙམ་བསྒྲུབས་ཏེ་གཞོན་ནུར་ཐབས་ཇུས་མང་ཙམ་འདོན་པ་དང་སྒེར་དོན་ཉུང་ཙམ་སྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས། གུང་གཞོན་སྡེ་ཚོགས་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཧུར་བརྩོན་དང་སྐྱོན་བྲལ་ཡར་ཐོན་གྱི་བསམ་བློའི་སྤྱོད་ཚུལ་དང་། ལས་ཀའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་འཇགས་པར་བྱེད་དགོས། གཞོན་ནུ་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ། ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་ཏན་ཏིག་འདོན་དགོས། གུང་གཞོན་སྡེ་ཚོགས་ལ་ཏང་གི་སྒྲིག་ཁྲིམས་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པར་མཛུབ་ཁྲིད་བྱེད་དགོས། གུང་གཞོན་སྡེ་ཚོགས་ལ་ཕྱོགས་ཡོངས་ནས་སྡེ་ཚོགས་ལ་དོ་དམ་ནན་པོ་དང་སྡེ་ཚོགས་སྐྱོང་བར་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་བླང་བྱ་མངོན་གསལ་དོད་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་བཟོ་བ། གཟུགས་བརྙན་བཟང་པོ་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་། སྡེ་ཚོགས་རྩ་འཛུགས་ལ་ཚོགས་མིར་སློབ་གསོ་དང་དོ་དམ་ནན་པོ་དང་། སྡེ་ཚོགས་རྩ་འཛུགས་ཀྱི་འཚོ་བ་དམ་ནན་བྱེད་པ། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱི་མཛུབ་ཁྲིད་བྱེད་དགོས།

      《བསམ་འཆར》ནང་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་འགན་འཁྲི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ནན་ཏན་ངང་བསྒྲུབས་ཏེ་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྡེ་ཚོགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་འཆར་འགོད་དང་དཔྱད་ཞིབ་གདེང་འཇོག་གི་ནང་དོན་ནང་འཇུག་དགོས་པ་དང་། གུང་གཞོན་སྡེ་ཚོགས་ཀྱིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་སྡེ་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད།