འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་12ཉིན།

༄༅།།ལྗར་པན་གྱིས་སྤྱི་ལེ་1000དུ་འཕེན་ཐུབ་པའི་འཕུར་མདེལ་བཀོད་སྒྲིག་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་12ཉིན། 14:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ལྗར་པན་ཕྱོགས་ལ་དྲག་ཤུགས་བརྩོན་ལེན་གྱི་ལམ་རྙིང་ནི་རང་ཉིད་རྩ་མེད་དུ་འགྲོ་བའི་ལོག་མེད་ལམ་བུ་ཡིན་པ་ལྗར་པན་ཕྱོགས་ལ་དྲན་སྐུལ་བྱས།

    ཟླ་3ཚེས་11ཉིན་གྱི་ཕྱི་དྲོ། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཅང་པིན་གྱིས་ཉེ་དུས་དམག་དཔུང་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

    གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། རི་པིན་གྱིས་ཉེ་དུས་དགྲ་བོའི་རྟེན་གཞིར་ཕར་རྒོལ་བྱེད་པའི་ནུས་པ་ལྡན་པའི་རྒྱང་ཁྲིད་འཕུར་མདེལ་བཀོད་སྒྲིག་བྱེད་འགོ་ཚུགས་པ་དང་འཕུར་མདེལ་དེའི་འཕེན་ཐག་སྤྱི་ལེ་1000ཙམ་ཡོད་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཚོ་རྒྱུད་ས་ཁོངས་ལ་ཁེབས་པའི་འབྲེལ་ཡོད་བཀོད་སྒྲིག་ལས་དོན་ཟླ་འདིའི་ནང་ལེགས་གྲུབ་བྱ་རྒྱུ་ཡིན་འདིར་དཔྱད་བརྗོད་ཅི་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།

     ཅང་པིན་གྱིས། དུས་སྐབས་ཤིག་རིང་ལྗར་པན་གྱི་གཡས་རུའི་སྟོབས་ཤུགས་ཀྱིས་“སླར་ཡང་དམག་དོན་ཅན་དུ་འགྱུར་བའི་”བྱ་སྤྱོད་ཡང་ཡང་སྤེལ་བ་དང་། “ཞི་བདེའི་རྩ་ཁྲིམས་”བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་གཏོང་བ། “བདེ་སྲུང་གི་ཡིག་ཆ་གསུམ་”བཟོ་བཅོས་རྒྱག་རྒྱུའི་སྐུལ་འདེད་གཏོང་བ། “ཉིང་རྡུལ་མེད་པའི་རྩ་དོན་གསུམ་”བཟོ་བཅོས་རྒྱག་རྒྱུའི་རེ་ངན་བཅངས་ཡོད། ད་ཆ་རྒྱང་རིང་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་བཀོད་སྒྲིག་མངོན་གསལ་བྱས་ཡོད་པས། འཕེན་ཐག་ནི་ལྗར་པན་གྱི་མངའ་ཁོངས་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད། “ཆེད་སྲུང་འགོག་སྲུང་”དང་། “གཞན་དབང་འགོག་སྲུང་།” “རང་སྲུང་”བཅས་རྫུན་མ་རྩ་བ་ནས་མེད་པར་བཟོས་པས། ལྗར་པན་གྱི་“དམག་རྒྱལ་རིང་ལུགས་གསར་པ་”ནི་ཉེན་ཁའི་མྱུ་གུ་འབུད་པ་ཙམ་མ་ཡིན་པར། དངོས་དོན་གྱི་འཇིགས་སྐུལ་མངོན་གསལ་དོད་པོ་ཞིག་ཡིན་པ་དང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ང་ཚོས་རི་པིན་ཕྱོགས་ལ་དྲག་ཤུགས་ཧུར་སྤྱོད་ཀྱི་ལམ་རྙིང་ནི་རང་ཉིད་རྩ་མེད་དུ་འགྲོ་བའི་ཕྱིར་ལོག་ཐབས་མེད་པའི་ལམ་ཞིག་རེད་ཅེས་དྲང་པོར་བཤད་ཀྱི་ཡོད། གལ་སྲིད་ལྗར་པན་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་བདེ་འཇགས་ལ་བཙན་གནོད་བྱེད་ཕོད་ཚེ་མགོར་རྡུང་དྲག་པོ་དང་སྔར་ལས་མཐར་ཕྱིན་ཕོག་ངེས་རེད་ཅེས་བརྗོད།