གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་10ཉིན། 14:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
2025 ལོའི་ཟླ་ 7 པར། ལོ་ 3 རིང་གསོ་སྤེལ་བྱས་པའི་མེ་ཏོག་ཡུལ་གྱི་རི་སྐྱེས་རྩི་ཤིང་གསེར་གྱི་ཐིག་གུའི་པད་མའི་ལྗང་སོན་ལྷ་སར་གནས་སྤོས་བྱས་ཏེ་མེ་ཏོག་བཞད་ཡོད་པ་རེད།
"དེ་ནི་ང་ཚོའི་ཚོགས་པར་མཚོན་ན་དོན་སྙིང་ཆེན་པོ་ལྡན་ཡོད།" རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་སྐྱེ་དངོས་རྩ་འཛུགས་གསོ་སྤེལ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་སྒྲོན་གྱིས་དགའ་ཚོར་ཆེན་པོས་བརྗོད་དོན། "འདི་ནི་མེ་ཏོག་ཡུལ་གྱི་རི་སྐྱེས་རྩི་ཤིང་གསེར་གྱི་ཐིག་གུའི་པད་མ་འདི་ཉིད་མཐོ་སྒང་དང་ལྟོས་བཅས་ཀྱིས་སྐམ་སའི་ཁུལ་དུ་གསོ་སྐྱོང་བྱེད་ཐུབ་པ་ཐོག་མ་རེད།
དེ་ལས་གྲང་ངར་ཆེ་བའི་ཁོར་ཡུག་འོག་རི་སྐྱེས་རྩི་ཤིང་དཀོན་རིགས་སྲུང་སྐྱོབ་ཀྱི་ལག་རྩལ་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་པར་བྱས་ཏེ། བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ལ་འདྲ་བཤུས་བྱེད་ཆོག་པའི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན།"
ཉེ་བའི་ལོ་ཤས་རིང་། ཉི་སྒྲོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལས་དོན་ལ་མུ་མཐུད་དོ་ཁུར་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་ཆ་ཆེ་བའི་གནད་ལ་དམིགས་པ་དང་། ས་ཡུལ་དངོས་ལ་བསྐྱོད་དེ་འབྲེལ་ཡོད་ཞིབ་འཇུག་ལས་དོན་སྤེལ་བ་དང་། དོན་སྙིང་ལྡན་པའི་གྲོས་གཞི་མང་པོ་བཏོན་ཡོད།
ཉི་སྒྲོན་གྱིས།"ངའི་གྲོས་གཞི་ཁ་ཤས་ནི་ང་རང་གི་ཚན་རིག་ཞིབ་འཇུག་ལས་དོན་དང་འབྲེལ་བ་ཡོད། ང་རང་གི་འབད་བརྩོན་བརྒྱུད་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ཤིག་འབུལ་ཐུབ་པའི་རེ་བ་ཡོད།" ཅེས་བརྗོད།

ད་ལྟའི་བར་དུ། ཉི་སྒྲོན་གྱི་ཚོགས་པས་མི་བཟོས་གསོ་སྤེལ་ལག་རྩལ་བརྒྱུད་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རྩི་ཤིང་མེ་ཏོག་སྤེན་ཏོག་དང་ བོད་ཤུགས། དེ་བཞིན་སྲོ་ལོ་དམར་པོ་ཆེན་པོ། ཀླུ་བདུད་རྡོ་རྗེ་བཅས་གསོ་སྤེལ་བྱས་ཡོད།
ཉི་སྒྲོན་གྱིས་། 2025ལོར་རྐྱང་པར། བོད་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྟོག་ཞིབ་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚན་རིག་ཞིབ་འཇུག་ཚོགས་པ་མང་པོས་ས་ཁུལ་མི་འདྲ་བའི་ཁྲོད་རྩི་ཤིང་དང་སྲོག་ཆགས། ཕྲ་ཕུང་སོགས་ཀྱི་རིགས་གསར་པ་མང་པོ་རྙེད་ཡོད། "འདི་དག་གིས་བོད་ལྗོངས་ནི་འཛམ་གླིང་སྟེང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཆེས་ལེགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་བཅས་ར་སྤྲོད་གསལ་པོ་འཕྲོད་ཀྱིན་ཡོད་" ཞེས་བརྗོད།
ཁོང་གིས། རྩི་ཤིང་མང་པོ་ཞིག་ལ་སྨན་བཅོས་ཀྱི་རིན་ཐང་ལྡན་པས། རི་སྐྱེས་རྩི་ཤིང་ལ་བརྟེན་པའི་ཚད་ཇེ་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པར་སྲུང་སྐྱོབ་བྱ་ཆེད། ཉི་སྒྲོན་ཚོགས་པས་མི་བཟོས་གསོ་སྤེལ་བྱས་པའི་སྲོ་ལོ་དམར་པོ་ཆེན་པོ་སོགས་ཀྱི་ལྗང་སོན་བོད་ཀྱི་འབྲེལ་ཡོད་སྨན་ལས་ཀུང་སིར་མཁོ་འདོན་བྱས་ཏེ། "ཚན་རིག་ཞིབ་འཇུག་ + ཁེ་ལས་" ཀྱི་རྣམ་པའི་སྒོ་ནས་གསོ་སྤེལ་འདེབས་ལས་ཀྱི་ཞིབ་འཇུག་ཁང་གི་ཚོད་ལྟ་སྤེལ་བ་དང་། རི་སྐྱེས་རིགས་ཀྱི་སྲུང་སྐྱོབ་ལས་ཆོད་མཐོ་རུ་གཏོང་བ་དང་། སྨན་རྫས་ཐོན་ཁུངས་ཀྱི་ཐོན་སྐྱེད་དུས་འཁོར་ཇེ་ཐུང་དུ་གཏོང་བ། སྐྱེ་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ། ཚན་རིག་གི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། "ཚན་རིག་ཞིབ་འཇུག་ནི་དངོས་སུ་གྲུབ་འབྲས་དངོས་སུ་གྱུར་ཚེ་གཞི་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་ཐུབ།" ཅེས་བརྗོད།
"རི་ཁུལ་གྱི་རྟོག་ཞིབ་དང་། གྲོང་གསེབ་དུ་བསྐྱོད་པ། ཁེ་ལས་དང་གླེང་མོལ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ། མི་རྣམས་ཀྱིས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་དོ་ཁུར་བྱེད་ཚུལ་མངོན་གསལ་དོད་པོས་ཚོར་ཐུབ།" ཞེས་ཉི་སྒྲོན་གྱིས་བརྗོད་པ་དང་། ང་ཚོས་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་སྟེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མང་པོ་ས་གནས་སུ་མངོན་འགྱུར་བྱུང་བ་དང་ནུས་པ་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཚན་རིག་ཞིབ་འཇུག་ལས་དོན་པའི་ངོས་ནས། ཉི་སྒྲོན་གྱིས་ལས་ཀ་བྱ་རྒྱུ་མང་པོ་ཡོད་པ་ཤེས་ཡོད། ཁོང་གིས་བརྗོད་དོན། "ང་ཚོའི་ཚོགས་པས་ 'གྲུབ་འབྲས་ཐོབ་པའི་གཙོ་གནད་ང་མིན་རུུང་།' 'གྲུབ་འབྲས་ཐོན་པའི་བརྒྱུད་རིམ་ལ་ངས་བཞུགས་ཡོད་པའི་་' པའི་འགན་འཁུར་གྱི་སྒོ་ནས། སྐྱེ་དངོས་རིགས་མང་པོ་སྲུང་སྐྱོབ་བྱེད་པ་དང་། རིན་ཐང་ལྡན་པའི་སོན་ཕྲུག་མང་པོ་གསོ་སྤེལ་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱས་ཏེ། འབྲེལ་ཡོད་ཁེ་ལས་དང་ཐོན་སྐྱེད་ལས་ཁུངས་ལ་མཁོ་འདོན་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བར་གྱི་ལེགས་པའི་འབྲེལ་བ་མངོན་འགྱུར་བྱེད་པར་ཚན་རིག་པའི་སྟོབས་ཤུགས་འབུལ་རྒྱུ་ཡིན།"ཞེས་བཤད།