རུའུ་ཁེ་ཡ་མུའུ·མའེ་ཐི་སའེ་ཏི་ཡིས། བྱེ་ཐང་གི་རྒྱ་སེ་མེ་ཏོག་བཞད་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་བཞད།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་10ཉིན། 09:59】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚོགས་འདུ་གཉིས་འགོ་ཚུགས་པ་དང་། མི་རིགས་ཁག་གི་བུ་ཕྲུག་རྣམས་བློ་གཅིག་སེམས་གཅིག་གིས་མ་འོངས་པར་ཁ་ཕྱོགས། ད་ཐེངས་ཀྱི“མི་རིགས་ཀྱི་མེ་ཏོག་བཞད་པའི་ཚོགས་འདུ་གཉིས་ཀྱི་དུས”ང་ཚོས་སེ་འབྲུ་དང་མཉམ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡུས་ཐེན་རྫོང་ཁུའར་པན·ཐུའུ་ལུའུ་མུའུ་དྲན་གསོ་ཁང་གི་འགྲེལ་བཤད་པ་རུའུ་ཁེ་ཡ་མུའུ·མའེ་ཐི་སའེ་ཏི་རུ་བསྐྱོད་དེ་ཨ་ཁུ་ཁུའར་པན་གྱི་རྗེས་རབས་པའི་འགན་འཁྲི་སྒྲུབ་པའི་སེམས་གཏམ་ཉན་པ་དང་། བྱེ་ཐང་གི་རྒྱ་སེ་མེ་ཏོག་དར་རྒྱས་གཏོང་བའི་གསང་གྲངས་བཤད།