གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་08ཉིན། 13:11】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་3ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་དམངས་འཚོའི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུ་འཚོགས།
སློབ་གསོ་པུའི་པུའུ་ཀྲང་ཧོའེ་ཅིན་ཕེང་གིས་ཚོགས་འདུའི་ཐོག སློབ་གསོ་པུས་སློབ་གྲྭའི་བདེ་འཇགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་སྤྱི་བདེ་དང་། འཕྲོད་བསྟེན་བདེ་ཐང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་བྱེད་ཐབས་སྔར་བས་ནན་པོ་དང་ཏན་ཏིག་སྤྱད་དེ་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
སྒྲིག་ཁྲིམས་དང་འགལ་ཏེ་སློབ་གྲྭ་གཉེར་བ་དང་། དུས་ཚོད་ལས་བརྒལ་ནས་སློབ་སྦྱོང་བྱེད་པ། སློབ་གྲྭའི་ནང་བརྙས་བཅོས་བྱེད་པ་སོགས་མུ་མཐུད་གཙང་བཤེར་བཅོས་སྐྱོང་བྱེད་པ་དང་། “སློབ་གྲྭའི་ཟ་མ་”དང་། ཟུར་ཁྲིད་རོགས་རམ་མངག་ཉོ། སློབ་གོས་འདེམས་ཉོ་སོགས་འདི་ལོའི་རྨང་གཞིའི་སློབ་གསོའི་ཚད་ལྡན་དོ་དམ་ལོའི་བྱ་སྤྱོད་མུ་མཐུད་སྤེལ་ནས་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ཐོན་ཚེ་རྡུང་རྡེག་བཏང་ནས་གནད་དོན་སླར་ཡང་མི་ཐོན་པའི་སྔོན་འགོག་ནན་པོར་བྱ་རྒྱུ་ཡིན་པ་རེད།