གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་07ཉིན། 14:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཚེས་ 6 ཉིན་གྱི་ཕྱི་དྲོ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་ 14 པའི་གྲོས་ཚོགས་ཐེངས་ 4 པར་ཞུགས་པའི་ཞིང་བཟོ་ཏང་དང་དགུ་གསུམ་ཚན་རིག་སྤྱི་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་བདེ་རྩ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲིར་ཞུས་པ་དང་། མཉམ་འདྲེས་གྲོས་ཚོགས་སུ་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་ཡོད།