གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་07ཉིན། 14:00】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་་སླེབས་ལ་ཉེ་བའི་སྐབས་སུ།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དུ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་སྒྲུབ་པ། རྒྱལ་ཡོངས་མི་རིགས་ཁག་གི་བུད་མེད་རྣམ་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ། ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁུལ། ཐེ་ཝན་ས་ཁུལ་གྱི་བུད་མེད་ཡོངས་དང་། ཕྱིར་སྡོད་གྱི་རང་རེའི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།