འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་3ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཀྲང་ཆང་ལི་ཡིས་ལས་འགན་སྒྲུབ་པའི་ལམ་དུ་སློབ་གསོའི་ཐོག་མའི་བསམ་འདུན་སྲུང་སྐྱོབ་བྱས། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་03ཉིན། 14:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཆུང་ལི་ནི་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་དང་མེའོ་རིགས་རང་སྐྱོང་ཀྲོའུ་མཐོ་རིམ་སློབ་འབྲིང་གི་ཆབ་སྲིད་དགེ་རྒན་ཞིག་ཡིན་པ་དང་། གཞི་རིམ་སློབ་གསོའི་འཐབ་ཕྱོགས་དང་པོའི་ནང་གཞི་ཚུགས་ནས་ལོ་16སོང་ཡོད།

     འགན་འཁྲི་སྒྲུབ་རིང་། ཀྲང་ཆུང་ལིས་ཐོག་མཐའ་བར་གསུམ་དུ་སློབ་མའི་དགོས་མཁོ་གཞིར་བཟུང་བ་དང་། སློབ་གསོའི་ཐོག་མའི་དམིགས་ཡུལ་བརྟན་སྲུང་བྱེད་ཀྱི་ཡོད། ཁོང་གིས་བཏོན་པའི་གྲོས་འགོ་དེ་གཞི་རིམ་གྱི་དགོས་མཁོ་དང་འཚམ་པས་ཕྱོགས་མང་པོའི་ལན་ཧུར་ཐག་ཐོབ་ཡོད། 2023ལོར་ཁོང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་“ཉལ་ནས་གཉིད་པའི”“ཉལ་ནས་གཉིད་པའི”བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་པ་དང་། ས་ཆ་མང་པོ་ཞིག་ཏུ་རིམ་བཞིན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཨེན་ཧྲི་ཀྲོའུ་ཁོ་ནར་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་4ཙམ་ལ་ཕན་པ་ཐོབ་པ། 2024ལོར་ཁོང་གིས་གྲོང་གསེབ་ཀྱི་དཔེ་མཛོད་ཁང་བསྐྲུན་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་སྦྱོང་ཆུ་ཚད་ཚད་ལྡན་རང་བཞིན་གྱི་རྒྱུགས་ལེན་ལེགས་སུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་། 2025ལོར་ཁོང་གིས་དམར་པོའི་ཞིབ་འཇུག་སློབ་སྦྱོང་ཁྱབ་ཁོངས་ལ་དམིགས་ནས་གྲོས་འགོ་བཏོན་ནས་གཅིག་གྱུར་གྱི་སློབ་ཚན་ཚད་གཞི་བཟོ་བ་དང་གྲངས་འཛིན་ནུས་སྤྲོད་རིམ་སྤོར་ལ་སྐུལ་འདེད་བཏང་ནས་དམར་པོའི་ཐོན་ཁུངས་ཀྱིས་མི་གསོ་སྐྱོང་བྱེད་ནུས་སྔར་བས་ལེགས་པར་འདོན་སྤེལ་བྱ་རྒྱུར་རོགས་རམ་བྱས་པ་རེད།

2026ལོའི་རྒྱལ་ཡོངས་ཚོགས་འདུ་ཚོགས་འདུའི་རིང་ཀྲང་ཆུང་ལིས་མུ་མཐུད་སློབ་གསོའི་ཁྱབ་ཁོངས་སུ་གཞི་ཚུགས་ནས་ཚན་རིག་ཁྱབ་གདལ་སློབ་གསོ་དང་བསམ་བློ་ཆབ་སྲིད་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རིན་ཐང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་དྲ་རྒྱའི་ཚ་སྤྱོད་ཚད་ལྡན་དང་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་ཁོར་ཡུག་གཙང་འགྱུར་བྱེད་པ་སོགས་ཀྱི་གྲོས་དོན་ལ་གཙོ་གནད་ཐོག་དམིགས་ནས་གྲོས་འགོ་དང་ཐབས་ཇུས་བཏོན་པ་རེད། དེ་དང་ཆབས་ཅིག་ཐུའུ་ཅ་ཁྱིམ་རྒྱུད་ཀྱི་འཐུས་མི་ཞིག་ཡིན་པའི་ཁོང་གིས་ད་དུང་ཨེན་ཧྲི་ཀྲོའུ་ས་གནས་དེ་གའི་ལག་ལེན་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་ཐད་འབྲེལ་ཡོད་གྲོས་འགོ་འདོན་རྒྱུ་ཡིན་པ་རེད།

ཀྲང་ཆིང་ལིས་གིས“མི་དམངས་འཐུས་མི་ཚོགས་པའི་འཐུས་མིས་“གནམ་ས་གཡོ་འགུལ་ཐེབས་པའི”བྱ་བ་སྒྲུབ་པ་མ་ཡིན་པར། མང་ཚོགས་ཀྱི་དོན་ཆུང་རང་ཉིད་ཀྱི་དོན་ཆེན་དུ་བརྩི་བཞིན་ཡོད། ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་རྩ་བ་བཙུགས་ཚེ་གཞི་ནས་ཆེས་དོན་དངོས་དང་ཆེས་ལན་འདེབས་དགོས་པའི་སྐད་ཐོས་ཐུབ”ཅེས་བཤད།