འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་3ཉིན།

༄༅།།བོད་ཀྱི་མི་སྒེར་གཅིག་ལ“རྒྱལ་ཡོངས་ཀྱི་ཁེ་ལས་ལ་དགའ་ཞེན་བྱེད་མཁན་ཕུལ་བྱུང་ལས་བཟོའི”མཚན་སྙན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་03ཉིན། 14:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་གཟེངས་བསྟོད་ཀྱི་བྱེད་སྒོ་མཉམ་དུ་སྤེལ་ནས། རྒྱལ་ཡོངས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྔོན་ཐོན་དམངས་གཉེར་ཁེ་ལས་དང་། རྒྱལ་ཡོངས་ཀྱི་གཉིས་གཅེས་གཉིས་འདེམས་སྔོན་ཐོན་ཁེ་ལས་ཀྱི་བཟོ་ཚོགས། རྒྱལ་ཡོངས་ཀྱི་ལས་བཟོར་ཐུགས་ཁུར་བྱེད་མཁན་གྱི་ཕུལ་བྱུང་དམངས་གཉེར་ཁེ་ལས་མཁས་ཅན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཁེ་ལས་ལ་དགའ་ཞེན་བྱེད་མཁན་ཕུལ་བྱུང་ལས་བཟོ་བཅས་ལ་གཟེངས་བསྟོད་སྤྲད་པ་རེད། བོད་ལྗོངས་ནའོ་ཏི་ཁང་སྨན་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤུས་ཚད་པུའི་ཅིང་ལི་ཀྲེན་དབྱི་ལ“རྒྱལ་ཡོངས་ཀྱི་ཁེ་ལས་ལ་དགའ་ཞེན་བྱེད་མཁན་ཕུལ་བྱུང་ལས་བཟོའི”མཚན་སྙན་ཐོབ་ནས་བོད་རང་སྐྱོང་ལྗོངས་ཀྱི་མཚན་སྙན་དེ་ཐོབ་མཁན་འབའ་ཞིག་ཏུ་གྱུར་ཡོད།