འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་28ཉིན།

༄༅།།མང་ཚོགས་ནས་ལུས་སྦྱོང་བྱེད་སྒོ་སྣ་ཚོཌ་སྤེལ་ཏེ་ལོ་གསར་དགའ་གཏོང་བྱས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་27ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ད་ལོའི་དཔྱིད་གསར་དུས་ཆེན་རིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པའི་“དམངས་ཡོངས་ཀྱིས་ལུས་སྦྱོང་བྱས་ནས་ལོ་གསར་དགའ་གཏོང་བྱེད་”ཅེས་པའི་བྱེད་སྒོ་དེ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཚ་ཚ་འུར་འུར་ངང་སྤེལ་ཡོད་པ་རེད།

     “དམངས་ཡོངས་ཀྱིས་ལུས་སྦྱོང་བྱས་ནས་ལོ་གསར་དགའ་གཏོང་བྱེད་”ཅེས་པའི་བྱེད་སྒོའི་རྒྱལ་ཡོངས་ཀྱི་ཚོགས་ར་གཙོ་བོའི་གྲས་ཤིག་ཡིན་པའི་ཆ་ནས། ལིའོ་ཉིང་པིན་ཞི་ཐའེ་ཙི་གཙང་པོའི་འཁྱགས་ངོས་དེ་འཁྲུག་ཆ་དོད་པའི་འགྲན་ར་ཞིག་ཏུ་གྱུར་ཡོད་ཅིང་། མྱུར་ཤུད་འགྲན་བསྡུར་དང་། འཁྱགས་ཐོག་འབྲུག་གྲུ་འགྲན་བསྡུར། འཁྱགས་ཐོག་གངས་གྲུ་སོགས་སྤྲོ་སྣང་ལྡན་པའི་གངས་འཁྱགས་རྣམ་གྲངས་སྣ་ཚོགས་ཚ་ཚ་འུར་འུར་སྤེལ་ཡོད། ཆུ་འགྲམ་དུ་ཐའེ་ཅི་རླུང་གཡབ་དང་ཡན་ཀོ་ཞབས་བྲོ་སོགས་དམངས་སྲོལ་ལུས་རྩལ་འཁྲབ་སྟོན་གྱིས་མི་སྟོང་ཕྲག་ཡན་ཞུགས་པར་ཡིད་དབང་བཀུག་ཡོད། སྤྲོ་སྣང་དང་དགའ་འབོད་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་པ་དང་། ལོ་གསར་དགའ་གཏོང་གི་རྣམ་པ་དང་ལུས་རྩལ་འགྲན་བསྡུར་གྱི་གསོན་ཤུགས་ཀྱིས་ཁེངས་ཡོད་ཅིང་། བྱེད་སྒོའི་ནང་གྲོང་མི་དང་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་2500ལྷག་ཙམ་ཧུར་ཐག་ངང་ཞུགས་རྒྱུར་ཡིད་དབང་བཀུག་ཡོད།