གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་27ཉིན། 14:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2པའི་ཚེས་19ཉིན་སེམས་ཀྱིི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཤིན་ལུང་གྲོང་ཚོའི་མངར་ཟས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པ་དང་གྲོང་ཚོ་ཡོངས་ཀྱིི་མི་རིགས་ཁག་གི་མང་ཚོགས་མཉམ་འཛོམས་བྱས་ཏེ་ཕུལ་བྱུང་གི་སློབ་ཕྲུག་ལ་གཟེངས་བསྟོད་དང་རིག་རྩལ་མཉམ་དུ་འཁྲབ་སྟོན་བྱེད་པ།དམངས་སྲོལ་གྱི་སྤྲོ་སྣང་འགྲན་བསྡུར་བྱེད་པའི་རྣམ་པ་སྣ་ཚོགས་བརྒྱུད་ནས་གྲོང་གསེབ་དར་རྒྱས་ཡོང་བར་རིག་གནས་ཀྱིི་གསོན་ཤུགས་བསྣན་ཡོད།
ཐེངས་འདིའི་མངར་ཟས་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་། མི་རིགས་ཀྱིི་རིག་གནས་རྒྱུན་འཛིན་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཤིང་།མཚན་སྙན་གྱི་ཚན་པ་དང་རིག་གནས་ཀྱིི་ཚན་པ་ཆེན་པོ་གཉིས་བཀོད་སྒྲིག་བྱས་པ་དང་། ཟས་མཆོག་དང་།མདའ་གཞུ། ལན་ཆིའུ་སྤོ་ལོ་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་དུས་མཉམ་དུ་སྤེལ་བ་མ་ཟད། ད་དུང་2025ལོར་མཐོ་རྒྱུགས་ཀྱིི་ཕུལ་བྱུང་སློབ་ཐོན་སློབ་མར་གཟེངས་བསྟོད་བྱས་ཤིང་།སེམས་དྲོད་བྱ་དགའི་ཐོག་ནས་མི་རིགས་ཁག་གི་གཞོན་ནུ་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིིས་ནར་སོན་པར་སྐུལ་ལྕག་གནང་སྟེ། མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་མཉམ་འཛོམས་ཀྱིི་སྤྲོ་སྣང་ཚོར་ཐུབ་པར་བྱས།
ཉིན་དེར་རྒན་འབྲིང་དང་གཞོན་ནུ་ལོ་ཆུང་གི་བདམས་ཐོན་པ་ཁག་གིས་འཇོན་ནུས་མངོན་ཡོད་པ་དང་། པའེ་རིགས་དང་། བོད། དབྱི་རིགས། ལི་སུའུ། འཇང་རིགས་སོགས་མི་རིགས་སྒྱུ་རྩལ་མཉམ་དུ་བཞད་ནས་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་རགས་བྲིས་བྱས་ཡོད། ལུས་སྦྱོང་བརྟན་ཞིང་མཉེན་པ་དང་། པའེ་རིགས་ཀྱིི་ཁྱད་ལྡན་ཞབས་བྲོ་དང་། བོད་རིགས་ཀྱིི་ཞབས་བྲོ《བཀྲ་ཤིས་བདེ་སྐྱིད》ཞེས་པའི་ཞབས་བྲོའི་སྟངས་སྟབས་མངོན་ཡོད། ལི་སུའུ་རིགས་ཀྱིི་གླུ་གཞས《པི་ལན་མ་ནུའུ་རྨིན》ཞེས་པ་སྙན་འཇེབས་ལྡན་ཞིང་ཡིད་དབང་འགུགས། འཇང་རིགས་ཀྱིི་ཞབས་བྲོ《འཇང་གི་གཞུང་གཞས》ཞེས་པ་གསོན་ཉམས་ལྡན། ལེ་ཚན་རེ་རེའི་ནང་མི་རིགས་ཁག་གི་མང་ཚོགས་ཀྱིིས་དཔྱིད་གསར་གྱི་སྨོན་འདུན་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་འདུས་ཡོད།
མངར་ཟས་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ཤིན་ལུང་གྲོང་ཚོའི་རིག་གནས་ཀྱིིས་གྲོང་གསེབ་དར་རྒྱས་གཏོང་ཐུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱིི་བསྡུས་རིས་གསོན་པོ་ཞིག་དེ་བས་ཀྱང་ཡིན། ལོ་མང་རིང་ཤིན་ལུང་གྲོང་ཚོས་གསར་བརྗེའི་རིག་གནས་འབྲེལ་ཐག་ཏུ་བྱས་ནས་མི་རིགས་ཀྱིི་མཛའ་བརྩེ་སྲུང་སྐྱོང་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱས་ཏེ་གསར་བརྗེའི་དར་རྒྱས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ས་གཞི་ཚ་པོ་དེའི་ཐོག་བདེ་སྡོད་ལས་བརྩོན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་ཐུབ་པ་བྱས་ཡོད། ལོ་གསར་པའི་ནང་ཤིན་ལུང་གྲོང་ཚོས་མི་རིགས་ཁག་གི་མང་ཚོགས་ཀྱིི་དཔའ་མཛངས་རྟུལ་ཕོད་ཀྱིིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོར་འབད་འབུངས་ཡར་བརྩོན་བྱས་ཡོད་པ་དང་གྲོང་གསེབ་དར་རྒྱས་ཀྱིི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་གསར་བརྗེའི་དར་རྒྱས་འཕེལ་རྒྱས་ཡོང་བའི་ལེའུ་གསར་བ་རྩོམ་རྒྱུའི་བསམ་འདུན་བསྟན་བྱུང་།