འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་28ཉིན།

༄༅།།གནམ་གྲུའི་སྤ་སེའི་རིན་གོང་ཆེས་ཆེར་ཆག་འདུག 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་27ཉིན། 13:58】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཕྱིར་ལོག་གི་འགྲུལ་པ་རིམ་བཞིན་ཇེ་ཉུང་དུ་སོང་བ་དང་བསྟུན་ནས། དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུའི་སྤ་སེའི་རིན་གོང་ལེགས་སྒྲིག་ཆེན་པོ་བྱས་ཏེ། གནམ་གྲུ་མི་ཉུང་བ་ཞིག་གི་རིན་གོང་གཅོག་ཤུགས་ཇེ་ཆེར་སོང་བས། འགྲུལ་པ་མང་པོ་ཞིག་གློ་བུར་དུ་འཕྲལ་མར་འགྲོ་འོང་བྱེད་པའི་ཡིད་དབང་བཀུག་པ་རེད།

     གུང་གསེང་རྗེས་ཀྱི་ཉིན་དང་པོར། ཁྲུང་ཆིང་ཅང་པེ་གནམ་ཐང་གི་གནམ་གྲུ་འབབ་ཚུགས་ཐོག་ཁང་དུ་འགྲུལ་པ་མང་པོ་ཡོད་པ་དང་། དེའི་ནང་མི་ཉུང་བ་ཞིག་ནི་སྤ་སེའི་རིན་གོང་བཅག་པ་དང་བསྟུན་ནས་གློ་བུར་དུ་འགྲོ་མཁན་ཡིན་པ་རེད།

     འགྲུལ་པ། དཔྱིད་གསར་དུས་ཆེན་གོང་ལ་ཁྲུང་ཆིང་ནས་ཧར་པིན་བར་འདྲི་རྩད་བྱས་པའི་རིན་གོང་སྒོར་2000ཡས་མས་ཡིན་པ་དང་ད་ཆ་འདྲི་རྩད་བྱས་པའི་རིན་གོང་སྒོར་1000ཡས་མས་ཡིན་པས། ཕར་འགྲོ་ཚུར་འོང་བྱེད་པར་སྒོར་2000གྲོན་ཆུང་ཐུབ་པ་རེད།

     སྤ་སེ་མངག་ཉོ་སྟེགས་བུའི་གཞི་གྲངས་ལས་མངོན་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྗེས་ཧྲང་ཧའེ་ནས་པེ་ཅིང་དང་། སན་ཡ། ཧར་པིན། ཞི་ཧྲོང་པན་ནཱ་སོགས་མཁའ་ལམ་མང་པོ་ཞིག་ཏུ་རིན་གོང་བཅག་པའི་གནམ་གྲུའི་སྤ་སེ་བཏོན་པ་དང་། ལམ་རྐྱང་གི་སྤ་སེའི་རིན་གོང་སྒོར་200བར་བཅག་པ་རེད། པེ་ཅིན་ནས་སན་ཡ་དང་ཀོང་ཀྲོའུ་ནས་པེ་ཅིན་ལ་འཕུར་བའི་གནམ་གྲུའི་སྤ་སེའི་རིན་གོང་ཚང་མ་སྒོར་400ཡས་མས་ཡིན་པ་རེད།

    གཞི་གྲངས་ལས་མངོན་པར། དར་ཁྱབ་ཆེ་བའི་མཁའ་ལམ་གྱི་ཆ་སྙོམས་སྤ་སེའི་རིན་གོང་ཡོངས་ཁྱབ་ཏུ་10%ནས་50%བར་ཆག་ཡོད་པ་རེད།