གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་27ཉིན། 13:57】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཏཱ་པན་ཁྲོམ་གཞུང་དུ་ཀྲུང་གོའི་སྤྱི་དམངས་ལ་འཕྲོག་བཅོམ་བྱེད་མཁན་བྱུང་བས། ཏཱ་པན་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་ཉེ་དུས་རི་པིན་དུ་མི་འགྲོ་མི་རུང་བའི་དྲན་སྐུལ་བསྐྱར་མ་བྱས་པ་རེད།
ཟླ་2ཚེས་25ཉིན། ཀྲུང་གོའི་སྤྱི་དམངས་ཞིག་ལ་ཏཱ་པན་གྲོང་ཁྱེར་ཀྲུའུ་ཅི་ཆུས་ཁྲོམ་གཞུང་དུ་ཐོབ་ཐང་གསལ་པོ་མེད་མཁན་གྱི་འཇབ་རྒོལ་ཕོག ལྗར་པན་གྱི་སྒོར་ཁྲི་500བླུགས་པའི་དངུལ་སྨར་རྒྱབ་ཁུག་འཕྲོག་བཅོམ་བྱས་པ་དང་། ཉེས་གསོག་དོགས་ཅན་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པ་རེད། ཏཱ་པན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་དུས་ཐོག་ཏུ་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ལ་གྲོས་མོལ་བྱས་ནས། ལྗར་པན་ཕྱོགས་ཀྱིས་གྱོད་གཞི་གང་མགྱོགས་ཐག་གཅོད་བྱས་ཏེ་ལྗར་པན་དུ་སྡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཉེ་ཆར་ལྗར་པན་གྱི་བདེ་འཇགས་བརྟན་པོ་མེད་པ་དང་དེ་དང་འདྲ་བའི་གྱོད་གཞི་ཡང་ཡང་ཐོན་གྱི་ཡོད། ཏཱ་པན་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ལས་ཁང་གིས་ཀྲུང་གོའི་སྤྱི་དམངས་ཉེ་དུས་ལྗར་པན་དུ་མི་བསྐྱོད་པའི་དྲན་སྐུལ་བསྐྱར་མ་བྱས་པ་དང་། མངའ་ཁོངས་ས་ཁུལ་གྱི་ཀྲུང་གོའི་སྤྱི་དམངས་ཀྱིས་ས་གནས་དེ་གའི་བདེ་འཇགས་གནས་བབ་ལ་དོ་ཁུར་ཟབ་མོར་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་ངེས་པར་དུ་ཆེ་རུ་གཏོང་དགོས་པ་དང་། ཕྱིར་སྐྱོད་སྐབས་དངུལ་སྨར་འབོར་ཆེན་མི་འཁྱེར་བ། ཉེན་ཁ་སྔོན་འགོག་དང་རང་ཉིད་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད། གལ་ཏེ་ཛ་དྲག་གི་གནས་ཚུལ་འཕྲད་ཚེ་དུས་ཐོག་ཏུ་ཉེན་རྟོག་པར་ཉེན་བརྡ་གཏོང་བ་དང་འབྲེལ་ཏཱ་པན་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་དང་འབྲེལ་གཏུག་བྱས་ནས་རོགས་རམ་ཡོང་རེ་ཞུ་དགོས།
※ལྗར་པན་གྱི་ཛ་དྲག་རོགས་སྐྱོབ་ཁ་པར་110(ཉེན་རྟོག་པ་)དང་། 119(མྱུར་སྐྱོབ་དང་མེ་གསོད་པ།) 118(མཚོ་ཐོག་དོན་རྐྱེན་དང་མཚོ་ཐོག་གེགས་ཆེན།)
※ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར་(ཆུ་ཚོད་24)
+86-10-12308ཡང་ན་+86-10-65612308
※ཏཱ་པན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར། 06-6445-9427