འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་10ཉིན།

༄༅།།རྒྱལ་ཡོངས་སུ་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་ལ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་10ཉིན། 15:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་འགོར་ཞིང་ཆེན་27དང་སྤྱི་འདོམས་ཁུལ་95%ལ་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་ལ་སྤྲོད་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག་ཉེ་དུས་ཀུའེ་ཀྲོའུ་དང་། ཀོང་ཤིས། ཤིན་ཅང་སོགས་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་རྒྱལ་ཡོངས་སྨན་བཅོས་འགན་སྲུང་ལས་དོན་ཚོགས་འདུའི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་ནས་བུ་བཙའི་ཕོགས་སྣོན་སྤྲོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

མིག་སྔའི་བར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་ལ་སྤྲད་ཡོད་པ་རེད།