འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་30ཉིན།

༄༅།།ཨུ་རུ་སུར་རྒྱབ་སྐྱོར་བྱས་ཡོད་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་30ཉིན། 14:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་1ཚེས་29ཉིན་འཚོགས་པའི་ཕྱི་འབྲེལ་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་སྒྲིག་ཆས་མཁོ་འདོན་བྱས་པར་བརྟེན་ནས་ཨུ་རུ་སུས་མདེལ་ལམ་འཕུར་མདེལ་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་འདྲ་འདེབས་རྒྱུ་ཡོད། གཞན་ཡང་། འདས་ཟིན་པའི་ཟླ་བ་གཅིག་གི་ནང་ཨུ་རུ་སུས་རྒྱུན་ཆད་མེད་པར་འཕུར་མདེལ་དང་མི་མེད་གནམ་གྲུ་སྤྱད་དེ་ཡུག་རེན་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱེད་ཀྱི་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད། ཡུག་རེན་ལ་རོགས་སྐྱོར་བྱས་ནས་གཞི་ཁྱོན་དེ་བས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མི་ཡོང་སྔོན་འགོག་བྱ་རྒྱུའི་འཆར་གཞི་ཡོད་དམ།

     དེའི་ཐད། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་བསྟན་དོན། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་གཅིག་པ་དང་ཁ་གསལ་ཡིན། ང་ཚོས་མེ་ཐོག་སྣུམ་བླུག་རྒྱུ་མིན་ལ། སྐབས་བསྟུན་ཁེ་གཉེར་དང་འགན་འཁྲི་གཞན་དཀྲི་དེ་བས་ཀྱང་མི་བྱེད།

    ཁོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས“གཡུལ་ས་ཕྱི་ལ་མི་མཆེད་པ་དང་། དམག་འཁྲུག་གི་གནས་བབ་ཛ་དྲག་ཏུ་མི་འགྲོ་བ། ཕྱོགས་ཁག་གིས་མེ་ཐོག་སྣུམ་མི་བླུག་”པ་བཅས་ཀྱི་རྩ་དོན་གསུམ་ལ་བརྩི་སྲུང་བྱས་ཏེ་ཐུན་མོང་ཐོག་ཉམས་ཉེན་ལ་ཆབ་སྲིད་ཐག་གཅོད་བྱ་ཆེད་ཆ་རྐྱེན་གསོག་འཇོག་བྱེད་དགོས་པའི་རེ་འབོད་ཐོག་མཐའ་བར་གསུམ་དུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རང་ཉིད་ཀྱི་བྱ་ཐབས་ཐོག་ནས་ཡུག་རེན་གྱི་མི་ཆོས་དུས་བབ་ཞི་ལྷོད་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།