གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་30ཉིན། 14:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་དང་པོའི་ཚེས་29ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་དུ་2026ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཟླ་བ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ས་གནས་ཁག་གིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ལ་དམིགས་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་དམངས་ཕན་བྱེད་སྒོ་སྒྲིག་འཛུགས་བྱས་ནས། མི་དམངས་མང་ཚོགས་ཚོ་“ དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་”བ་དང་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་ལེགས་པར་སྐོང་རྒྱུ་རེད།
འཛད་སྤྱོད་ཟླ་བ་དེ་ཟླ་དང་པོའི་ཟླ་མཇུག་ནས་ཟླ་3པའི་ཟླ་སྟོད་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། དེའི་རིང་ས་གནས་ཁག་གིས་ལོ་གསར་གྱི་གོམས་སྲོལ་དང་། འཁྲབ་སྟོན། འགྲེམས་སྟོན། གངས་འཁྱགས་ཡུལ་སྐོར། གྲང་གཡོལ་ཡུལ་སྐོར། ཕ་མ་ཕྲུ་གུ་གི་ཡུལ་སྐོར་སོགས་ལ་དམིགས་ནས། དུས་ཚིགས་དང་བསྟུན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་དང་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་སྤེལ་རྒྱུ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་བྱེད་སྒོ་ཐེངས་གྲངས་ཁྲི་3ཙམ་གཉེར་རྒྱུ་དང་། སྒོར་དུང་ཕྱུར་3.6ལྷག་ཙམ་ཟིན་པའི་འཛད་སྤྱོད་འཛིན་ཤོག་སོགས་འཛད་སྤྱོད་ཁ་གསབ་སྤྲོད་རྒྱུ། སྒོ་འཛིན་ཆག་ཡང་དང་། འཛིན་ཤོག་འདྲ་ཡ་མཉམ་འགུལ་གཟིགས་སྐྱོང་། ས་ཁོངས་ལས་བརྒལ་བའི་རིག་གནས་ཡུལ་སྐོར་གཟིགས་སྐྱོང་སོགས་པའི་བྱེད་ཐབས་བཏོན་ནས་ཡུལ་མི་ཡུལ་ཐད་ཀར་སྐོར་ལ་སྐྱོད་པའི་སྤྱི་ཕན་སྲིད་ཇུས་དང་བྱེད་ཤུགས་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཚོར་ལོ་གསར་ལ་དགའ་སྤྲོ་ཡོང་བའི་རིག་གནས་ཡུལ་སྐོར་གྱི་གདམ་ག་དེ་བས་མང་པོ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།