འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་28ཉིན།

༄༅།།སྐྱེལ་འདྲེན་གྲ་སྒྲིག་ཨང་གསར་བྱེད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་28ཉིན། 15:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཟླ་1ཚེས་24ཉིན་གྱི་ཐོ་རེངས་སུ། ཧྭ་ཀྲུང་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཤུགས་འགྲེམས་མེ་འཁོར་ཞིབ་བཤེར་ཉམས་བཟོ་རྟེན་གཞི་སྟེ། ཝུའུ་ཧན་ཤུགས་འགྲེམས་མེ་འཁོར་དུམ་བུར་ཞིབ་བཤེར་ཉམས་བཟོ་བྱས་པའི་མེ་འཁོར་མང་པོ་སྐྱེལ་འདྲེན་གྲ་སྒྲིག་ཨང་གསར་བྱེད་བཞིན་པ།

     ཟླ་1ཚེས་26ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་དུ་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་ལེན་བསྟར་ཞིང་། དཔེ་རིས་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར་12130བཀོད་སྒྲིག་དང་ཟོག་འདྲེན་མེ་འཁོར་23748འཁོར་སྐྱོད་བྱེད་འགོ་ཚུགས་པས། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་གྱི་ནུས་པ་དང་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། སྐྱེལ་འདྲེན་ཐོན་རྫས་མཁོ་སྤྲོད་བྱེད་ནུས་ཀྱང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

     དཔྱིད་གསར་སྐྱེལ་འདྲེན་འཆར་ཉེའི་སྐབས་སུ། ལྕགས་ལམ་སྡེ་ཚན་གྱིས་ཞིབ་བཤེར་ཉམས་བཟོ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་པ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།