འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་28ཉིན།

༄༅།།2025ལོར་རྒྱལ་ནང་གི་གྲོང་མི་ཡུལ་སྐོར་དུ་སྐྱོད་ཚད་མི་ཐེངས་དུང་ཕྱུར་65ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་28ཉིན། 15:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     2025ལོར་རྒྱལ་ནང་གི་གྲོང་མི་ཡུལ་སྐོར་དུ་སྐྱོད་ཚད་མི་ཐེངས་དུང་ཕྱུར་65.22ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་དུང་ཕྱུར་9.07འཕར་ནས་དུས་མཚུངས་ལས་16.2%འཕར་བ།

     2025ལོར་རྒྱལ་ནང་གི་གྲོང་མིའི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་6.30ཟིན་པ་དེ་དུས་མཚུངས་ལས་སྒོར་9.5%འཕར་བ།

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་1ཚེས་26ཉིན་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ནང་གི་གྲོང་མི་ཡུལ་སྐོར་དུ་སྐྱོད་ཚད་ཀྱི་དཔེ་འཐེན་བརྟག་དཔྱད་བསྡོམས་རྩིས་བྱས་འབྲས་ལ་གཞིགས་ན། 2025ལོར་རྒྱལ་ནང་གི་གྲོང་མི་ཡུལ་སྐོར་དུ་སྐྱོད་ཚད་མི་ཐེངས་དུང་ཕྱུར་65.22ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་དུང་ཕྱུར་9.07འཕར་ནས་དུས་མཚུངས་ལས་16.2%འཕར་ཞིང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་ཚད་མི་ཐེངས་དུང་ཕྱུར་49.96 ཟིན་པ་དེ་དུས་མཚུངས་ལས་14.3%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་ཚད་མི་ཐེངས་དུང་ཕྱུར་15.26ཟིན་པ་དེ་དུས་མཚུངས་ལས་22.6%འཕར་ཡོད། 2025ལོར་རྒྱལ་ནང་གི་གྲོང་མིའི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་6.30ཟིན་པ་དེ་དུས་མཚུངས་ལས་སྒོར་9.5%འཕར་ཞིང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་5.30ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་1.00ཟིན་པ་དེ་དུས་མཚུངས་ལས་21.4%འཕར་ཡོད་པ་རེད།