འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་22ཉིན།

༄༅།།ལྗར་པན་ཞུགས་རྒྱུའི་ཐོབ་ཐང་རྩ་བ་ནས་མེད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་22ཉིན། 14:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་སུན་ལེ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྲིད་གཞུང་བར་གྱི་གྲོས་མོལ་སྒྱུར་བཅོས་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་བརྗོད་དོན། ལྗར་པན་གྱིས་ལོ་རྒྱུས་ཀྱི་ནག་ཉེས་ལ་འགྱོད་བཤགས་མི་ཤེས་པ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་བ། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་འགྲན་སློང་བྱེད་པ། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་སུམ་འཛེམ་མེད་དུ་རྡོག་རོལ་བཏང་བས། རྒྱལ་ཁབ་དེས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་འཁུར་ཐབས་བྲལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་རྟོན་ཐོབ་ཐབས་བྲལ་བས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་འདོན་པའི་ཐོབ་ཐང་རྩ་བ་ནས་མེད།