འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་20ཉིན།

༄༅།།གདོང་གཤིས་མི་ལེགས་པ་དང་། གྲོ་ཐིག་ཐོན་ན། སྨན་རྫས་བཞི་པོ་འདི་ཆུ་རུ་བསྐོལ་ནས་འཐུང་དང་ཕན།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་20ཉིན། 15:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     གདོང་གཤིས་མི་ལེགས་པ་དང་། གྲོ་ཐིག་ཐོན་པ། ཟླ་མཚན་འབབ་དུས་གཟུགས་གཞི་མི་བདེ་བ་སོགས་བྱུང་ན་ཁྲག་རླུང་གི་འཁོར་བསྐྱོད་མི་བཟང་བ་དང་འབྲེལ་བ་ཡོད།

     གཤམ་གསལ་སྨན་རྫས་རིགས་བཞི་པོ་འདི་ཆུ་རུ་བསྐོལ་ནས་ཇའི་ཚབ་ཏུ་བཏུང་ན་ཁྲག་རླུང་སྙོམས་པར་ཕན། དེ་ཡང་སྨན་རྫས་ཤིང་ཚའི་ཡལ་ག་དང་། ཏང་ཀུན། དུར་བྱིད་དཀར་པོ། ཀླུ་བདུད་རྡོ་རྗེ་བཅས་ཁེ་གསུམ་རེ་བླངས་ཏེ་ཆུར་བསྐོལ་ནས་ཇའི་ཚབ་ཏུ་འཐུང་ན་ཕན་པ་ཡོད།

     དྲན་སྐུལ་ཞུ་རྒྱུར། མེ་དྲོད་རྒྱས་པའི་ནད་པ་རྣམས་ཀྱིས་འཐུང་མི་འོས།