འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་13ཉིན།

སྡེ་ཚན་གཉིས་ཀྱིས་མཉམ་དུ་ལས་སྟེགས་ཀྱི་སྒྲིག་སྲོལ་ལྟ་འདོམས་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ།

༄༅།།དྲ་རྒྱའི་ཉོ་ཚོང་ཕྱོགས་ཁག་གི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་13ཉིན། 14:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་མཉམ་དུ《དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་སྒྲིག་སྲོལ་ལྟ་འདོམས་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། དེའི་དམིགས་ཡུལ་ནི་དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་སྒྲིག་སྲོལ་གཏན་འབེབས་དང་། བཟོ་བཅོས། ལག་བསྟར་བཅས་ཚད་ལྡན་དུ་གཏོང་བ་དང་། དྲ་རྒྱའི་ཉོ་ཚོང་སྒྲིག་ལམ་ལ་སྲུང་སྐྱོང་དང་དྲ་རྒྱའི་ཉོ་ཚོང་ཕྱོགས་ཁག་གི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་ཆེད་རེད།

     བྱ་ཐབས་ནང་ལས་སྟེགས་ཀྱི་སྒྲིག་སྲོལ་འཇུག་གཞིར་བྱས་ནས་ལས་སྟེགས་ཀྱི་འགན་འཁྲི་སྔར་བས་ཏན་ཏིག་ངང་ནན་དུ་བཏང་ཡོད།

     ཉེ་བའི་ལོ་ཤས་རིང་། སྤྱི་ཚོགས་ལས་རིགས་ཁག་གིས་ལས་སྟེགས་ཀྱི“དངུལ་ཕྱིར་སློག་ཙམ”དང་། ལས་སྟེགས་ཀྱི“དངུལ་ཆད་གཅོད་པ” “ཚོགས་མིའི་ཁེ་དབང་དམའ་རུ་གཏོང་བ”སོགས་ཀྱི་གནད་དོན་ལ་བསམ་འཆར་མང་པོ་བཏོན་ཞིང་། དེའི་ཐད་བྱ་ཐབས་ནང་ལས་སྟེགས་ཀྱིས་སྒྲིག་སྲོལ་སྤྱད་ནས་ལས་སྟེགས་ཀྱི་གཉེར་སྐྱོང་པའི་རང་བརྟེན་གཉེར་སྐྱོང་ལ་གང་བྱུང་ཚོད་འཛིན་དང་། གང་བྱུང་གྲོན་དངུལ་བསྡུ་བ། “དངུལ་ཆད”གང་བྱུང་གཅོད་པ། ཚོགས་མིའི་ཁེ་དབང་དམའ་རུ་གཏོང་བ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་ཁ་གསལ་བྱས་ཏེ། ལས་སྟེགས་ཚོང་པས་རང་བརྟེན་གཉེར་སྐྱོང་བྱེད་པར་འགན་སྲུང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

     བྱ་ཐབས་ནང་ཆ་འཕྲིན་ཡོངས་བསྒྲགས་དང་། ཡོངས་བསྒྲགས་ངང་བསམ་འཆར་བསྡུ་བ། བར་བརྒལ་དུས་ཡུན་བཀོད་སྒྲིག རྒྱུ་མཚན་ཞུ་འབུལ་གྱི་ཐབས་ལམ་བཀོད་སྒྲིག་སོགས་ཐད་ཀྱི་ལས་སྟེགས་ཀྱི་འོས་འགན་གཏན་འབེབས་བྱས་ཤིང་། ལས་སྟེགས་ལ་དེ་གའི་སྒྲིག་སྲོལ་གྱི་དོན་དག་གལ་ཆེན་ཐད་ཀྱི་འབྲེལ་གཏུག་གྲོས་མོལ་དང་ལས་སྟེགས་ནང་གི་ཉོ་ཚོང་རྩོད་གཞི་ཐག་གཅོད་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

     བྱ་ཐབས་ནང་ཆ་འཕྲིན་དང་། དྲ་རྒྱ། གྲངས་གཞི་བཅས་ཀྱི་བདེ་འཇགས་འགན་སྲུང་དང་དེ་བཞིན་ལས་སྟེགས་གཉེར་སྐྱོང་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཐད་ཀྱི་ལས་སྟེགས་ཀྱི་ཞིབ་ཕྲའི་བླང་བྱ་བཟོས་ཡོད་ཅིང་། བྱ་ཐབས་དེའི་ནང་ལས་སྟེགས་ཀྱིས་རང་གི་སྒྲིག་སྲོལ་ནང་ཆ་འཕྲིན་བདེ་འཇགས་ཀྱི་དོན་ཚན་ཁ་གསལ་བཟོ་བ་དང་། ལས་སྟེགས་གཉེར་སྐྱོང་པས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ཚད་གཞི་དང་། དེ་བཞིན་ལས་སྟེགས་གཉེར་སྐྱོང་པའི་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་གི་འོས་འགན་སོགས་ཁ་གསལ་བཟོ་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག བྱ་ཐབས་ནང་ལས་སྟེགས་ཀྱི་སྒྲིག་སྲོལ་སྤྱད་དེ་འཛད་སྤྱོད་པའི་ཁེ་དབང་མེད་པར་བཟོ་བའམ་ཚོད་འཛིན་བྱེད་པ་དང་། རང་ངོས་ཀྱི་འགན་འཁྲི་ཇེ་ཆུང་དུ་གཏོང་བའམ་ཡང་ན་མེད་པར་བཟོ་བ། འཛད་སྤྱོད་པའི་འགན་འཁྲི་གང་བྱུང་ཇེ་ཆེར་གཏོང་བ། གྲངས་གཞི་ཆེན་པོར་བརྟེན་ནས་མགོ་སྐོར་གཏོང་བ། ཚོགས་མིའི་ཞབས་ཞུ་མཁོ་འདོན་བྱེད་སྐབས་ཕྱོགས་རྐྱང་པ་ནས་ལས་སྟེགས་ཀྱི་སྒྲིག་སྲོལ་གང་བྱུང་དུ་བསྒྱུར་ནས་ཚོགས་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་བྱེད་མི་ཆོག་པ་ཁ་གསལ་བཟོས་ཡོད་པ་རེད།