འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་29ཉིན།

ཟླ་དང་པོ་ནས་བཅུ་གཅིག་པའི་བར།

༄༅།།རྒྱལ་ཡོངས་སུ་གསར་དུ་ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.58ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་29ཉིན། 16:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོཌ་བྱུང་བར། 2025 ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་སུ་གསར་དུ་ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.58ཟིན་ཡོད་པ་རེད།

    2025ལོར་རྒྱལ་ཡོངས་སུ་འཆར་གཞི་བཞིན་གསར་དུ་ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.5ཟིན་ཞིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ནང་སོག ལེའོ་ཉིང་། ཅི་ལིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན། ཅང་ཤིས། ཧྲན་ཏུང་། ཀོང་ཤིས། ཧའེ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་22དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་བཅས་ཀྱིས་ལོ་འཁོར་མོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་འཆར་གཞི་ལེགས་གྲུབ་ཟིན་ཡོད་པ་རེད།

     སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་དང་། གྲོང་དབུས་གྲོང་ཚོ། ཉེན་ཆེའི་ཁང་པ་རྙིང་པ་བཅས་ཀྱི་སྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་བརྟན་པོ་བཏང་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གང་ནུས་སེལ་རྒྱུ་མ་ཟད། ཚད་གཞི་དང་། འཆར་འགོད། རྒྱུ་ཆ། འཛུགས་སྐྲུན། བདག་གཉེར་བཅས་ལེགས་པའི“སྡོད་ཁང་ཡག་པོ”བསྐྲུན་ཏེ། སྡོད་ཁང་གསར་པ་དེ“སྡོད་ཁང་ཡག་པོར”སྒྱུར་བཀོད་དང་། ཁང་པ་རྙིང་པ་རིམ་བཞིན“སྡོད་ཁང་ཡག་པོར”སྒྱུར་བཀོད། ཐོན་ལས་འཁོར་འབྲེལ་རིམ་སྤོར་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས། སྤུས་ཚད་མཐོ་པོས་མི་དམངས་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།