“ལོ་ལྔ་ཚན་བཅུ་བཞི་པའི”རིང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་26ཉིན། 13:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། འཕྲུལ་འཁོར་ཨ་མའི་སྒྲིག་ཆས་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་2020ལོའི་སྒོར་དུང་ཕྱུར་7631ནས་སྔོན་དཔག་བྱས་ན་2025ལོའི་སྒོར་དུང་ཕྱུར་10510བར་འཕར་རྒྱུ་ཡིན་པ་རེད། འཕྲུལ་འཁོར་ཨ་མའི་སྒྲིག་ཆས་ཀྱི་ཕྱིར་གཏོང་དངུལ་འབོར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཨ་སྒོར་དུང་ཕྱུར་638.6ནས་སྔོན་དཔག་བྱས་ན“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཨ་སྒོར་དུང་ཕྱུར་1062.1བར་འཕར་རྒྱུ་དང་། ཆ་སྙོམས་འཕར་ཚད་ལོ་རེར་10.7%ཙམ་ཟིན་རྒྱུ་ཡིན་པ་རེད།