འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་17ཉིན།

༄༅།།མཚོ་སྔོན་དུ་ཁྲོམ་རའི་ལྟ་འདོམས་ནུས་ཕྱོད་དང་གསོན་ཤུགས་གཉིས་ཀ་འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་17ཉིན། 13:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་གནས་ཚུལ་སྤེལ་གསལ། 2025ལོར་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་ལས་རྙོག་བསྲེས་དང་དྲིལ་བསྒྲགས་རྫུན་མ་སོགས་ཀྱི་ཚུལ་མིན་སྣང་ཚུལ་ལ་གཞིགས་ནས་དྲ་རྒྱའི་ཚུལ་མིན་འགྲན་རྩོད་ལ་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། “ལྟ་འདོམས་དང་ཞབས་ཞུ་མཉམ་བཅོས་ཟུང་འབྲེལ”གྱི་སྣ་འདུས་ཐབས་བཟང་ལ་བརྟེན་པར་ལྟ་འདོམས་ནུས་ཕྱོད་དང་ཁྲོམ་རའི་གསོན་ཤུགས་གཉིས་ཀ་འཕར་ཏེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་སྲུང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

      ཞིང་ཆེན་ཡོངས་ཀྱིས་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་ལ་བརྟེན་ནས་དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་སྡེ་ཚན་སྒྲོལ་བའི་ཁྲིམས་སྒྱུར་ཐེངས་7བྱས་པ་དང་གྱོད་གཞི་2སྤོ་སྐྱེལ་བྱས་ཡོད། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ལྟ་འདོམས་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ས་ཁོངས་སྒྲོལ་བའི་མཉམ་འབྲེལ་ཁྲིམས་སྒྱུར་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ཀྱི་ལྟ་འདོམས་བཀག་རྒྱ་ངེས་ཅན་བསལ་ཡོད་པ་རེད།

      དེ་དང་ཆབས་ཅིག བཟའ་བཅའ་དང་། མཚོ་སྔོན་གྱི་ཚགས་ཤ་དང་ལུག་ཤ དབྱར་རྩྭ་དགུན་འབུ་སོགས་ཚོང་ལས་རྙོག་བསྲེས་དང་དྲིལ་བསྒྲགས་རྫུན་མ་སོགས་གཙོ་གནད་དུ་བཟུང་སྟེ། ཐད་གཏོང་ཟོག་ཚོང་ཐེངས་980ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཁྲིམས་འགལ་གྱི་ཁུངས་སྣེ་38གྲལ་བཤེར་བྱས་པ། ཁྲིམས་འགལ་གྱི་གྱོད་གཞི་7གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཞིང་འབྲོག་ཐོན་རྫས་ཐད་གཏོང་བྱེད་པོ་120ལྷག་ཙམ་གྱིས་སྲོལ་མཐུན་ལམ་ལུགས་འཛུགས་རྒྱུར་མཛུབ་ཁྲིད་བྱས་པས། ཁྱད་ལྡན་ཐོན་རྫས་ཐད་གཏོང་རིགས་ཞུ་གཏུག་རྒྱག་ཚད་རྒྱུན་མཐུད་ཆག་རྒྱུར་སྐུལ་འདེད་བཏང་ཡོད། རྒན་རྒོན་གྱི་ལུས་ཁམས་བདེ་སྲུང་དངོས་རྫས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་ཉེན་བརྡ་ཐེངས་120ལྷག་ཙམ་བཏང་བ་དང་། ཚུལ་མིན་འགྲན་རྩོད་གྱོད་གཞི་5ཞིབ་བཤེར་ཐག་གཅོད་བྱས་ཡོད། ཞིང་ཆེན་ནང་ཁུལ་གྱི་ལས་སྟེགས་16དང་སྙན་སྒྲོན་པ་གཙོ་བོ་1545ཡི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ལས་སྟེགས་སུ“མིང་ཐོ་ནག་པོ”སོགས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།

      ལས་སྟེགས་སུ་དྲ་ཐོག་ཚོང་དོན་གྱི་སྲིད་འཛིན་མཛུབ་ཁྲིད་ཐེངས་65བྱས་པ་དང་། དྲ་རྒྱའི་སྙན་སྒྲོན་པ་གཙོ་བོ་སྐོང་འདྲི་བྱས་ནས་ཚོང་ཟོག་ཏག་ཏག་མ་བསྡད་པ་དང་དྲིལ་བསྒྲགས་རྫུན་མ་སོགས་ཀྱི་གནད་དོན་ཡོད་རིགས་དུས་ཐོག་ཏུ་ཡོ་བསྲང་བཅོས་སྒྲིག་བྱས་ཡོད། དྲ་ཐོག་ཚོང་དོན་གྱི་སྲོལ་མཐུན་བཅོས་སྒྲིག་གི་ཆེད་དོན་འཆད་ཁྲིད་བྱས་ནས་དྲ་རྒྱའི་གཉེར་སྐྱོང་བྱེད་པོ་600ལྷག་ཙམ་ལ་ཆེད་ལས་མཛུབ་ཁྲིད་བྱས་པ་རེད། ལས་སྟེགས་ཀྱིས་ཁྲིམས་འགལ་གྱི་ཁུངས་སྣེ་1ཐེར་འདོན་བྱས་ནས་ལྟ་འདོམས་དེ“གཞན་འགུལ་གྱི་ཞིབ་བཤེར་ཐག་གཅོད”ནས“རང་འགུལ་གྱི་སྔོན་འགོག་ཚོད་འཛིན”ཕྱོགས་སུ་བསྒྱུར་ཡོད་པ་རེད།