འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་16ཉིན།

༄༅།།ཁང་གོང་འཕར་ཆག་ཇི་བྱུང་འདིར་གཟིགས་དང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་16ཉིན། 14:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་12ཚེས་15ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། 2025ལོའི་ཟླ་11པར། གྲོང་ཁྱེར་ཆེ་འབྲིང་70ཡི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་སྤྱི་ཡོངས་ནས་ཆག་པ་དང་། དུས་མཚུངས་ལས་ཆག་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

     གྲོང་ཁྱེར་རིམ་པ་དང་པོ་དང་གཉིས་པ། གསུམ་པར་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་ཆག་པ།

     ཟླ་11པར། གྲོང་ཁྱེར་རིམ་པ་དང་པོར་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་0.4%ཆག་པ་དང་། ཆག་ཚད་ཟླ་བ་གོང་མའི་བསྡུར་ཚད་ལས་བརྒྱ་ཆའི་གཞི་གྲངས་0.1ཆེ་རུ་ཕྱིན་ཡོད། དེའི་ནང་ཧྲང་ཧའེ་རུ་0.1%འཕར་བ་དང་པེ་ཅིང་དང་། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་སོ་སོར་0.5%དང་། 0.5% 0.9%རུ་ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པར་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་སོ་སོར་0.3%དང་0.4%ཆག་པ་དང་། ཆག་ཚད་ཚང་མ་བརྒྱ་ཆའི་གཞི་གྲངས་0.1ཆུང་དུ་ཕྱིན་ཡོད།

     ཟླ་11པར། གྲོང་ཁྱེར་རིམ་པ་དང་པོར་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་1.1%ཆག་པ་དང་། ཆག་ཚད་ཟླ་བ་གོང་མའི་བསྡུར་ཚད་ལས་བརྒྱ་ཆའི་གཞི་གྲངས་0.2མང་དུ་ཕྱིན་ཡོད། དེའི་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲུའུ། ཧྲེན་ཀྲེན་བཅས་ཁག་སོ་སོར་1.3%དང་། 0.8% 1.2% 1.0%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པའི་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་0.6%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་རེད། གྲོང་ཁྱེར་རིམ་པ་གསུམ་པའི་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་0.6%ཆག་པ་དང་། ཆག་ཚད་བརྒྱ་ཆའི་གཞི་གྲངས་0.1ཆུང་དུ་ཕྱིན་ཡོད།

     གྲོང་ཁྱེར་རིམ་པ་དང་པོ་དང་གཉིས་པ། གསུམ་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་ཆག་ཚད་ཆེ་རུ་ཕྱིན་པ།

     ཟླ་11པར། གྲོང་ཁྱེར་རིམ་པ་དང་པོར་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་1.2%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་0.4ཆེ་རུ་ཡིན་ཡོད། དེའི་ནང་ཧྲང་ཧའེ་ལ་5.1%འཕར་བ་དང་། པེ་ཅིང་དང་། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་སོ་སོར་2.1%དང་། 4.3% 3.7%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པར་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་སོ་སོར་2.2%དང་3.5%ཆག་པ་དང་། ཆག་ཚད་བརྒྱ་ཆའི་གཞི་གྲངས་སོ་སོར་0.2དང་0.1ཆེ་རུ་ཕྱིན་ཡོད།

     ཟླ་11པར། གྲོང་ཁྱེར་རིམ་པ་དང་པོར་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་5.8%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་1.4འཕར་ཡོད། དེའི་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲུའུ། ཧྲེན་ཀྲེན་བཅས་ཁག་སོ་སོར་6.8%དང་། 4.6%7.2% 4.8%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པར་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་སོ་སོར་5.6%དང་5.8%ཆག་པ་དང་། ཆག་ཚད་བརྒྱ་ཆའི་གཞི་གྲངས་སོ་སོར་0.4དང་0.1ཆེ་རུ་ཕྱིན་ཡོད།