འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་10ཉིན།

༄༅།།སྐེག་རྗས་འདི་རིགས་ཚད་མཐུན་མིན་པས་བཀག་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་10ཉིན། 14:34】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     གསར་འགོད་པས་ཚེས་10ཉིན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་རྒྱལ་ཁབ་སྐེག་རྫས་དཔེ་འཐེན་ཞིབ་བཤེར་ཁྲོད། ཀྲེ་ཅང་ཞིང་ཆེན་བཟའ་བཅའ་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་སོགས་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། ཧྲི་ལང་བཅའ་ལྒའི་སྐྲ་བཀྲུ་སོགས་སྐེག་རྫས་ཁག་37གཏན་འབེབས་དང་མི་མཐུན་པ་བཀོད་ཡོད་པ་རེད། (གནས་ཚུལ་ཞིབ་ཕྲ།)

     《སྐེག་རྫས་ལྟ་སྐུལ་དོ་དམ་སྲོལ་ཡིག》《སྐེག་རྫས་ཐོན་སྐྱེད་གཉེར་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཐབས》《སྐེག་རྫས་དཔེ་འཐེན་ཞིབ་བཤེར་དོ་དམ་བྱེད་ཐབས》གཞིར་བཟུང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཧྲང་ཧའེ་དང་། ཧྲན་ཏུན། ཀོང་ཏུང་སོགས་ཞིང་ཆེན་(གྲོང་ཁྱེར)གྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་གཏན་འབེབས་དང་མི་མཐུན་པའི་སྐེག་རྫས་དང་འབྲེལ་བ་ཡོད་པའི་ཐོ་འགོད་པ་དང་གྲབས་ཐོ་འགོད་མཁན། མངགས་བཅོལ་བྱས་པའི་ཐོན་སྐྱེད་ཁེ་ལས་སོགས་ལ་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱས་ཏེ། འབྲེལ་ཡོད་ཁེ་ལས་ལ་ཁྲིམས་ལྟར་ཉེན་ཁ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པ་མ་ཟད། རང་བཤེར་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་ཡོད། ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྐེག་རྫས་གཉེར་སྐྱོང་བྱེད་མཁན་ལ་ཁྲིམས་ལྟར་གོང་གསལ་སྐེག་རྫས་གཉེར་སྐྱོང་བྱེད་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་མ་ཟད། དེའི་ཚོང་ཟོག་ནང་འདྲེན་ཞིབ་བཤེར་ཟིན་ཐོ་སོགས་ཀྱི་གནས་ཚུལ་ལ་ཁྲིམས་ལྟར་བརྟག་དཔྱད་བྱས་ཏེ་ཁྲིམས་འགལ་ཐོན་རྫས་ཀྱི་རྩ་བ་རྗེས་འདེད་བྱེད་པ་དང་། ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། བྱས་ཉེས་བསགས་པའི་དོགས་པ་ཡོད་ན་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་སྐྱེལ་དགོས།