གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་10ཉིན། 14:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་12ཚེས་8ཉིན། ཁམ་ཕུ་ཁྲེ་དང་ཐེ་ལན་མཐའ་མཚམས་ས་ཁུལ་དུ་སླར་ཡང་གདོང་ཐུག་ཐོན་ནས་མི་སྣ་ཤི་རྨས་བྱུང་བ་རེད། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཁམ་ཕུ་ཁྲེར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་པོ་ཝེ་ཞ་ཞིང་ཆེན་དང་ཨའོ་ཏོ་མེན་ཅི་ཞིང་ཆེན་སོགས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་ས་ཁུལ་དང་ཐག་ཉེ་སར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ས་གནས་དེ་གའི་བདེ་འཇགས་དུས་བབ་ལ་དོ་ཁུར་དམ་ཟབ་དང་དོགས་ཟོན་ཆེན་པོ་བྱེད་པ། བདེ་འཇགས་ལ་དོ་སྣང་བཅས་བྱེད་པ་དང་། མཐའ་མཚམས་ས་ཁུལ་དུ་མི་འགྲོ་བའི་དྲན་སྐུལ་བྱས་པ་རེད། གལ་ཏེ་ཛ་དྲག་གི་གནས་ཚུལ་དང་འཕྲད་ཚེ་དུས་ཐོག་ཏུ་ཉེན་ཞུ་བྱེད་པ་དང་འབྲེལ་ཁམ་ཕུ་ཁྲེ་རུ་བཅའ་སྡོད་གཞུང་ཚབ་ཁང་གི་རོགས་རམ་འཚོལ་དགོས།
*************************
རོགས་སྐྱོབ་འབྲེལ་གཏུག་བྱེད་སྟངས།
རྐུན་བརྡ་ཞུ་བ། 117
སྨན་བཅོས་མྱུར་སྐྱོབ། 119
མེ་སྐྱོན་ཉེན་བརྡ། 118དང་། 666
རྒྱལ་ཁབ་ཉེན་རྟོག་སྤྱི་ཁྱབ་ཧྲུའུ་ཡི་ཕྱི་རྒྱལ་པའི་རོགས་རམ་ཐད་སྦྲེལ་ཁ་པར་:031-2012345/031-6012345
ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོགས་ཚོགས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཆེད་སྤྱོད་རོགས་སྐྱོར་སྐད་འཕྲིན། +855092686969
ཁམ་ཕུ་ཁྲེར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་ཆུ་ཚོད་24རིང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར་:023-210206དང་། ཀྲུང་གོའི་སྤྱི་དམངས་ཀྱི་གཞུང་ཚབ་སྲུང་སྐྱོབ་དང་ཕྱིར་སྡོད་རང་མིའི་ལས་དོན་བློ་འདྲི་ཡིག་སྒམ་:phnom-penh_lb@csm.mfa.gov.cn
ཁམ་ཕུ་ཁྲེ་རུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་ཞན་ལི་རུ་བཅའ་སྡོད་གཞུང་ཚབ་གཞུང་ལས་ཁང་གི་ཆུ་ཚོད་24རིང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར་:078-946178དང་། ཡིག་སྒམ་:consulate_sr@mfa.gov.cn
(ཞན་ལི་གཞུང་ཚབ་གཞུང་ལས་ཁང་གི་མངའ་ཁོངས་ནི། ཞན་ལི་ཞིང་ཆེན་དང་། པང་ཐུང་ཞིང་ཆེན། པོ་ཝེ་ཞ་ཞིང་ཆེན། ཨའོ་ཏོ་མེན་ཅི་ཞིང་ཆེན། པན་ཏེ་མེན་ཅི་ཞིང་ཆེན། མ་ཏེ་ཝང་ཞིང་ཆེན་བཅས་ཡིན།
ཁམ་ཕུ་ཁྲེར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་ཞི་ཧ་ནུའུ་ཁེ་རུ་བཅའ་སྡོད་གཞུང་ཚབ་གཞུང་ལས་ཁང་གི་ཆུ་ཚོད་24རིང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར་:061-983749དང་། ཡིག་སྒམ་:consulate.shv@mfa.gov.cn
(ཞི་ཧ་ནུའུ་ཁེ་གཞུང་ཚབ་གཞུང་ལས་ཁང་གི་མངའ་ཁོངས་ནི་ཞི་ཧ་ནུའུ་ཁེ་ཞིང་ཆེན་དང་། གོ་ཀུང་ཞིང་ཆེན། ཀུང་པུའུ་ཞིང་ཆེན། པའེ་མ་ཞིང་ཆེན་བཅས་ཡིན།)
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་སྒྲོག་འབོད་ལྟེ་གནས་ཀྱི་ཁ་པར་ནི+86-10-12308འམ་ཡང་ན་+86-10-65612308ཡིན།