འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་9ཉིན།

༄༅།།ཀའོ་ཧྲི་ལ་འགན་འདོར་གྱི་རེ་ཞུ་བཏོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་09ཉིན། 15:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ལྗར་པན་གྱི《ཀློག་ཚོང་གསར་འགྱུར་》དྲ་ཚིགས་ཐོག་ཟླ་12ཚེས་8ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་12ཚེས་7ཉིན་ལྗར་པན་སྤྱི་ཚོགས་དམངས་གཙོ་ཏང་གི་འགོ་ཁྲིད་ཧྥུའུ་ཏའོ་རུའེ་སུའེ་ཡིས་ཧྥུའུ་ཏའོ་རྫོང་ཅུན་ཧྲན་གྲོང་ཁྱེར་དུ་འཚོགས་པའི་ཏང་དེའི་རྫོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སློབ་སྦྱོང་ཚོགས་འདུའི་ཐོག “ཀའོ་ཧྲི་སྲིད་སྐྱོང་ནང་མའི་ངོ་བོ་”བརྗོད་བྱ་གཙོ་བོར་བྱས་ནས་གཏམ་བཤད་སྤེལ་བ་རེད།

     རྒྱབ་སྐྱོར་བྱེད་མཁན་ཚུད་པའི་མི་70ཙམ་ད་ཐེངས་ཀྱི་སློབ་སྦྱོང་ཚོགས་འདུར་ཞུགས་པ་དང་། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་སྤེལ་པའི་“ཐའེ་ཝན་ལ་གནས་ཚུལ་བྱུང་ན་”“ཆགས་འཇིག་གི་གནས་ཚུལ་”འབྱུང་ངེས་ཞེས་པའི་གཏམ་བརྗོད་སྐོར་གླེང་སྐབས། ཧྥུའུ་ཏའོ་ཡིས་དྲག་ཏུ་བསྟན་དོན། “ད་ལྟའི་བར་གྱི་སྲིད་གཞུང་གི་ལྟ་ཚུལ་ཐོག་ནས་བལྟས་ནའང་དེ་ནི་རྩ་ཁྲིམས་དང་འགལ་བ་རེད། ཀའོ་ཧྲི་ཡིས་འབྲེལ་ཡོད་གཏམ་བརྗོད་ཕྱིར་འཐེན་བྱེད་དགོས་ལ་དབུ་བཞུགས་བློན་ཆེན་གྱི་གོ་གནས་ཀྱང་དགོངས་ཞུ་བྱེད་དགོས།”