གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་09ཉིན། 15:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཚེས་8ཉིན་ཐེ་ལན་སྐམ་དམག་དམག་ཁུལ་གཉིས་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས་ད་ལམ་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་ཞིང་ཆེན་4ཡི་མི་སེར་70%ཙམ་ཕྱིར་འཐེན་བྱས་པ་དང་མི་ཁྲི་3.5ཙམ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཐོ་འགོད་བྱས་ཡོད་ཅེས་བཤད་པ་རེད། བཀོད་སྒྲིག་བྱ་ཡུལ་དུ་སླེབས་མེད་པའི་དམངས་ཚོགས་ཚོད་དཔག་བྱས་པར་གཞིགས་ན། གནས་སྐབས་གཉེན་ཉེའི་ཁྱིམ་དུ་སྡོད་པའམ་ཡང་ན་སྔར་བཞིན་གནས་སྤོ་བྱེད་པའི་ལམ་བར་དུ་ཡོད། ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་ནང་མི་སེར་གཅིག་ནད་ཕོག་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད།