འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་8ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུས་མཉམ་འབྲེལ་དམག་སྦྱོང་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་08ཉིན། 11:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     རྒྱལ་སྲུང་པུས་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ཟླ་12པའི་ཟླ་སྟོད་དུ་ ཀྲུང་ཨུ་དམག་དཔུང་གཉིས་ཀྱིས་ཨུ་རུ་སུའི་མངའ་ཁོངས་སུ་འཕུར་མདེལ་འགོག་པའི་མཉམ་འབྲེལ་ནང་སྦྱོང་ཐེངས་གསུམ་པ་བྱས་པ་རེད། ད་ཐེངས་ཀྱི་མཉམ་འབྲེལ་དམག་སྦྱོང་དེ་ཕྱོགས་གསུམ་པར་དམིགས་པ་མ་ཡིན་པས། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་དང་འབྲེལ་བ་མེད།