གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་08ཉིན། 11:46】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ལྗར་པན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་12ཚེས་7ཉིན། གཞུང་ཚབ་ཆེ་མོ་བ་ཝུའུ་ཅང་ཧའོ་ཡིས་ལྗར་པན་རང་སྲུང་རུ་ཁག་གི་གནམ་གྲུས་ཀྲུང་གོའི་མཚོ་དམག་གི་གནམ་གྲུ་གྲུ་གཟིངས་རུ་ཁག་གི་སྦྱོང་བརྡར་ལ་ཟིང་ཆ་བཟོས་པར་ལྗར་པན་གྱི་ཕྱི་དོན་ལས་དོན་གྱི་དཔོན་གཞོན་པ་ཁྲོན་ཡུའེ་ཅན་ཡུས་ལ་གྲོས་མོལ་ནན་པོ་དང་རྒོལ་གཏམ་དྲག་པོ་བཏང་ཡོད།
ཝུའུ་ཅང་ཧའོ་ཡིས། ལྗར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ད་བར་ཡང་དང་བསྐྱར་དུ་ཉེན་བརྡ་བཏང་ནས་དྲན་སྐུལ་བྱས་པར་མི་བལྟ་བར། རང་སྲུང་རུ་ཁག་གི་གནམ་གྲུ་ཀྲུང་གོའི་མཚོ་དམག་གི་སྦྱོང་བརྡར་མཚོ་ངོས་མཁའ་ཁོངས་ཀྱི་ཉེ་འགྲམ་དུ་ཐེངས་མང་བཏང་སྟེ། ཀྲུང་གོ་ཕྱོགས་ཀྱི་རྒྱུན་ལྡན་སྦྱོང་བརྡར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་། འཕུར་སྐྱོད་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། ལྗར་པན་ཕྱོགས་ཀྱིས་ད་དུང་ཕྱི་ཕྱོགས་སུ་དོན་དངོས་དང་གཏན་ནས་མི་མཐུན་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་གླེང་ཕྱོགས་ལོག་ལམ་དུ་ཁྲིད་པའི་འབྲེལ་ཡོད་བྱེད་སྟངས་ནི་འགན་འཁྲི་མེད་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ལ་དམའ་འབེབས་དང་ནག་བཟོ་བྱེད་མཚམས་བཞག་ནས་འཐབ་ཕྱོགས་དང་པོའི་བྱ་སྤྱོད་ལ་ཚོད་འཛིན་ནན་པོ་བྱས་ནས་དོན་རྐྱེན་དེ་རིགས་སླར་ཡང་མི་ཐོན་པ་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་ཡོད།