འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་8ཉིན།

༄༅།།ཨུ་རུ་སུས་མི་མེད་གནམ་གྲུ་1600ལྷག་འཕངས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་08ཉིན། 11:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་7ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཁོ་པའི་གཞུང་ཕྱོགས་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་ཐོག་རྩོམ་ཡིག་སྤེལ་ནས། གཟའ་འཁོར་འདི་ཁོ་ནར་ཨུ་རུ་སུས་ཡུག་རེན་ལ་མི་མེད་གནམ་གྲུ་1600ལྷག་ཙམ་དང་། སྣེ་ཁྲིད་མཁའ་འགྲུལ་འབར་མདེལ་1200ཙམ། འཕུར་མདེལ་རིགས་སྣ་ཚོགས་70ཙམ་བཅས་འཕེན་གཏོང་བྱས་བྱུང་ཞེས་བཤད་པ་རེད།

    ཙེ་ལན་སི་ཅི་ཡིས། ཚེས་7ཉིན་ཨུ་རུ་སུའི་དམག་དཔུང་གིས་མི་མེད་གནམ་གྲུ་240ལྷག་ཙམ་དང་མདེལ་ལམ་འཕུར་མདེལ་5སྤྱད་དེ་ཡུག་རེན་ལ་འཇབ་རྒོལ་བྱས་བྱུང་། ཡུག་རེན་གྱི་ས་ཁུལ་7ལ་གནོད་འཚེ་ཕོག་པ་དང་ས་ཁུལ་ཁག་གཅིག་ཏུ་མི་སྣ་ཤི་རྨས་བྱུང་སོང་ཞེས་དང་། ཡུག་རེན་ཕྱོགས་ཀྱིས་མུ་མཐུད་མཉམ་ལས་རོགས་ཟླ་དང་མཉམ་ལས་བྱས་ནས་འགོག་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད།

    ད་ལམ་ཨུ་རུ་སུའི་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བརྒྱབ་མེད།