འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་5ཉིན།

༄༅།།ཧིན་རྡུ་ཉི་ཞི་ཡར་ཆུ་ལོག་གི་གནོད་འཚེ་དང་རི་ཉིལ་ནས་མི་817རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་05ཉིན། 15:32】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་4ཉིན་གྱི་ཕྱི་དྲོར། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པར། སུའུ་མོན་ཏ་ལ་གླིང་ཕྲན་དུ་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེའི་དབང་གིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་817བར་འཕར་བ་དང་གཞན་ཡང་མི་537གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

     ཧིན་རྡུ་ཉི་ཞི་ཡའི་སུའུ་མོན་ཏ་ལ་གླིང་ཕྲན་གྱི་ཡ་ཆི་ཞིང་ཆེན་དང་། སུའུ་མོན་ཏ་ལ་ཞིང་ཆེན་བྱང་མ། སུའུ་མོན་ཏ་ལ་ཞིང་ཆེན་ནུབ་མ་བཅས་སུ་ཉེ་ཆར་ཆར་ཆུ་བསྟུད་མར་བབས་པ་དང་ཆུ་ལོག་དང་རི་ཉིལ་ནས་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་རེད།