གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་05ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨོ་སི་ཁྲུ་ལི་ཡས་ལོ་16མན་གྱི་མི་ཚོགས་ལ་དམིགས་པའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བཀག་རྒྱ་ཟླ་འདིའི་ཚེས་10ཉིན་དངོས་སུ་ཕན་གོ་ཆོད་རྒྱུ་ཡིན་པ་རེད། ཟླ་12ཚེས་3ཉིན། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་བཀག་སྡོམ་དེས་ལོ་ཆུང་བྱིས་པར་གནོད་པའི་ནང་དོན་གྱི་གནོད་འཚེ་མི་ཕོག་ཅེས་བཤད་པ་རེད།
ན་ནིང་ཟླ་11པར། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཁྲིམས་གཞིར་གྲོས་འཆམ་བྱས་ནས། ལོ་16མན་གྱི་ལོ་ན་མ་སོན་པའི་མིར་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེགས་བུ་མང་ཆེ་བ་སྤྱད་མི་ཆོག་པ་བཟོས། དྲ་རྒྱའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཀུང་སིས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ནས་ལོ་16མན་གྱི་ལོ་ན་མ་སོན་པའི་མིས་སྟེགས་བུ་སྤྱོད་རིགས་བཀག་འགོག་མ་བྱས་ཚེ། ཨོ་སི་ཁྲུ་ལི་ཡའི་སྒོར་མོ་མང་ཤོས་ཁྲི་5000(མི་དམངས་ཤོག་སྒོར་དུང་ཕྱུར་2.32ཙམ་དང་མཚུངས་)གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་དང་། གཏན་འབེབས་དང་འགལ་བའི་ལོ་ན་མ་སོན་པའི་མིའམ་ཡང་ན་དེའི་ཕ་མར་ཆད་པ་གཅོད་མི་སྲིད།