འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་4ཉིན།

༄༅།།རང་རྒྱལ་གྱི་5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་475.8ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་04ཉིན། 09:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ◆ ཟླ་དང་པོ་ནས་ཟླ་10པའི་བར། གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་14670ཟིན་པ་དེ་དུས་མཚུངས་ལས་0.9%འཕར་ཡོད་པ་རེད།

    ◆ ཟླ་10པའི་ཟླ་མཇུག་བར་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་11.84ཟིན་ནས་ལོ་གོང་མའི་ལོ་མཇུག་ལས་དུང་ཕྱུར་1.7གཙང་འཕར་བྱུང་བ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་64.7%ཟིན་ཡོད་པ་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་10པའི་ཟླ་མཇུག་བར། རང་རྒྱལ་གྱི་5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་475.8ཟིན་ནས་ལོ་གོང་མའི་ལོ་མཇུག་ལས་ཁྲི་50.7གཙང་འཕར་བྱུང་བ་དེས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི་37%བཟུང་ཡོད་པ་རེད།

     ཟླ་དང་པོ་ནས་ཟླ་10པའི་བར། རང་རྒྱལ་གྱི་འཕྲིན་གཏོང་ལས་རིགས་ཀྱི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། གློག་འཕྲིན་ལས་སྒོའི་ལས་འབོར་དང་ཡོང་འབབ་འཕར་སྣོན་རྒྱུན་འཁྱོངས་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བ། 5Gདང་། ཀྲའོ་སྟོང་། ཟོག་སྦྲེལ་དྲ་རྒྱ་སོགས་སྤྱོད་མཁན་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྒུལ་བདེའི་དྲ་སྦྲེལ་གྱི་འབྲེལ་མཐུད་རྒྱུག་འབོར་ཅུང་མྱུར་པོ་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་ཟླ་10པའི་བར། གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་14670ཟིན་པ་དེ་དུས་མཚུངས་ལས་0.9%འཕར་ཡོད་པ་རེད། ཟླ་10པའི་ཟླ་མཇུག་བར། 5Gཀྱི་སྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་11.84ཟིན་ནས་ལོ་གོང་མའི་ལོ་མཇུག་ལས་དུང་ཕྱུར་1.7གཙང་འཕར་བྱུང་བ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་64.7%ཟིན་ཡོད་པ་རེད།